第02版:要闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་སློབ་སྦྱོང་ཚོགས་འདུ་བསྐོང་འཚོགས་བྱས་པ།
ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་སྐབས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་@
གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་བསྐོང་འཚོགས་བྱས་པ།
གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།
| 山南网首页 |
2024年3月25日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་3པའི་ཚེས་19ཉིན། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བསྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་རྣམ་བཤད་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་དགོངས་དོན། གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཞུད་ཀྱི་འབྲེལ་ཡོད་བརྡ་ཁྱབ་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད།

གྲོང་ཨུད་རྒྱུན་ཨུ། སྲིད་ཁྲིམས་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་བདེ་ཅུད་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གནང་བ་རེད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ལས་བྱེད་པས་ཆབ་སྲིད་ཀྱི་རང་རྟོགས་དང་སྒྲིག་སྲོལ་གྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་ལྟ་བ་བཅས་ཟབ་ཏུ་བཏང་སྟེ། ཚད་གཞི་དེ་བས་ནན་པ་དང་། བྱ་ཐབས་དེ་བས་དོ་དམ་པ། སྒྲིག་ཁྲིམས་དེ་བས་དམ་ནན་བཅས་ཀྱི་སྤྱོད་ཚུལ་ཡག་པོའི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས། བཅོས་སྒྲིག་གནད་དོན་ཁྲིད་ཕྱོགས་སུ་བསྟེན་ཏེ། ལས་ཀའི་ཕན་འབྲས་དང་སྤུས་ཚད་མཐོར་འདེགས་ལ་བརྩོན་དགོས། རྩ་དོན་ལག་བསྟར་བྱེད་པའི་རེ་འདུན་གཞིར་བཟུང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ཟབ་སྤེལ་བརྒྱུད། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོར་འདེགས་ལ་ནུས་ཤུགས་ཟམ་མི་ཆད་པར་འདོན་སྤེལ་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ཡག་པོ་འཁུར་བ། ལྟ་སྐུལ་ཁྲིད་སྟོན་དང་ཞིབ་བཤེར་ལ་ཤུགས་སྣོན། ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་ཐོག་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:理论