第02版:要闻 上一版3  4下一版
 
版面导航

第01版
头版

第02版
要闻

第03版
综合新闻
 
标题导航
གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་སློབ་སྦྱོང་ཚོགས་འདུ་བསྐོང་འཚོགས་བྱས་པ།
ཝང་ཅུན་ཀྲེང་གིས་ལྷོ་ཁར་བརྟག་ཞིབ་གནང་སྐབས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་@
གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་བསྐོང་འཚོགས་བྱས་པ།
གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་སུ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།
| 山南网首页 |
2024年3月25日 星期
3 上一篇  下一篇 4 放大 缩小 默认
གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་སློབ་སྦྱོང་ཚོགས་འདུ་བསྐོང་འཚོགས་བྱས་པ།
 
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་ཡུན་ཆིང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཚོགས་འདུ་དང་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་སློབ་སྦྱོང་ཚོགས་འདུ་ཐེངས་30པ་བསྐོང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ཧྲན་ཆང་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་པའེ་ཡུན་ཧྥུང་། གྲོང་སྤྱི་གཞོན་པ་ཡང་ཧོང་པིང་དང་། ཚེ་རིང་། ཕུན་ཚོགས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཝང་ཡུན་ཆིང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་རྒྱུ་དེ་ངེས་པར་དུ་ཆབ་སྲིད་ཀྱི་ཚད་ནས་རང་འགུལ་རང་རྟོགས་ཐུབ་པ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་འདི་ཉིད་གནས་བབ་མཐོ་ཤོས་སུ་བཞག་སྟེ། ཏང་གི་དར་ཆ་གསལ་སྟོན་རྒྱུན་འཁྱོངས་སྒོས། གཏན་འཁེལ་གཉིས་ལ་ལྷག་བསམ་གོང་བཀུར་ཐུབ་རྒྱུ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་རྒྱུ་དེ། ཞིབ་ཕྲའི་བྱ་སྤྱོད་ནང་དོན་འཁྱོལ་དང་ཕན་འབྲས་དངོས་བརྩོན་ལེན་ཁྲོད་མངོན་མཚོན་ཡོད་པ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་དེ་ངེས་པར་དུ་དམངས་འཚོར་ཕན་པའི་བྱ་བ་སེམས་ནུས་ཡོད་རྒུས་བསྒྲུབས་རྒྱུ་དང་། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་གི་སྤྱི་ཡོངས་རེ་འདུན་གཞིར་བཟུང་། མང་ཚོགས་ཀྱི་རེ་སྒུག་ཆེ་ཤོས་བྱེད་སའི་བྱ་བ་དངོས་དང་ཐག་གཅོད་དགོས་ངེས་ཀྱི་གནད་དོན་ལ་དམིགས་ནས་བསྒྲུབས་རྒྱུ། མང་ཚོགས་ཚོས་བློ་ཡིད་མ་ཚིམས་ཤོས་ནས་ཡོ་བསྲང་བྱ་རྒྱུ་བཅས་ནས་འགོ་བཙུགས་ཏེ་མི་དམངས་མང་ཚོགས་བློ་ཡིད་ཚིམས་པ་བྱ་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:要闻
   第03版:综合新闻
   第04版:理论