第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལས་དོན་སྤེལ་རིམ་ངོ་སྤྲོད་བྱས་པ།
ངེད་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་རྒྱལ་དོན་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
| 山南网首页 |
2023年9月15日 星期
3 上一篇  下一篇 4 放大 缩小 默认
ལྷོ་ཁས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལས་དོན་སྤེལ་རིམ་ངོ་སྤྲོད་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་མི་རིགས་ཆོས་དོན་ཅུད་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུད་ཀྲང་མུང་ཙེ་ཝུའེ་དང་སྡེ་ཚོགས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཝུའེ་གདན་ཞུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལས་དོན་སྤེལ་རིམ་ངོ་སྤྲོད་གནང་བ་རེད།

མུང་ཙེ་ཝུའེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ལས་གཞི་ཆེ་ཁག་བཞི་དང་བྱ་སྤྱོད་ཁག་དྲུག་དམ་འཛིན་བྱ་གཞིར་བྱས་ནས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཐོག དུས་རབས་གསར་པའི་ལྷོ་ཁའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད་པ་རེད།

ཧུའུ་ཤིན་ཝུའེ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྡེ་ཚོགས་གྲོང་ཨུད་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དགོངས་དོན་ལག་བསྟར་བཅས་བྱས་ཏེ། མི་རིགས་ཁག་གི་གུང་གཞོན་སྡེ་ཚོགས་ཀྱི་གཞོན་ནུ་ལོ་ཆུང་ཚོའི་སྣེ་ཁྲིད་དེ། འདུ་ཤེས་བཞི་ཟབ་གཏོང་དང་གདེང་ཚོད་བཞི་བརྟན་གཏོང་། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་གཞོན་ནུ་ལོ་ཆུང་ཚོའི་བརྡར་གཅོད་ཀྱི་ཁྱད་ཆོས་དང་འཚར་ལོངས་ཀྱི་ཆོས་ཉིད། ལྟ་སྣང་དོད་པ། དང་ལེན་བྱེད་སླ་བ་སོགས་ཀྱི་ལས་ཀའི་བྱ་ཐབས་བརྒྱུད། གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་བ་དང་སྦྲགས། མོས་སེམས་ལྔ་ཤུགས་ཆེར་བཏང་བ་དང་མཉམ་མྱོང་བཞི་ཡི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ཐོག རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད་པ་རེད།

བདེ་སྐྱིད་དཔལ་སྒྲོལ་གྱིས་བསྒྱུར། བསོད་བསྟན་གྱི་ཞུས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལས་དོན་སྤེལ་རིམ་ངོ་སྤྲོད་བྱས་པ།
ངེད་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་རྒྱལ་དོན་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།