第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལས་དོན་སྤེལ་རིམ་ངོ་སྤྲོད་བྱས་པ།
ངེད་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་རྒྱལ་དོན་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
| 山南网首页 |
2023年9月15日 星期
下一篇 4 放大 缩小 默认
གོང་དཀར་རྫོང་གིས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ལམ། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གཉིས་པས་མཁའ་འགྲུལ་ཁུལ་གསར་དུ་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལྡོག་འདྲེན་བྱས་པའི་འབྲེལ་ཡོད་གནད་དོན་ལ་ལྟ་སྐུལ་གནང་ཞིང་། གྲོང་ཨུད་རྒྱུན་ཨུ། གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཧྲེང་ཡུས་ཀྱིས་འཕྲལ་དུ་གོང་དཀར་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་ཆེད་དོན་ཚོགས་ཆུང་7གྱི་ཙུའུ་ཀྲང་དང་། མཁའ་འགྲུལ་ཁུལ་གསར། རྒྱ་ཕྲུག་གླིང་གྲོང་རྡལ། སྐྱེ་ཁམས་ཁོར་ཡུག་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས། ཀྲུང་གོ་ལྕགས་ལམ་ཆུ་དོན་ཀུང་སི་སོགས་ཚན་པ་12སྒྲིག་འཛུགས་ཀྱིས་རང་སྐྱོང་ལྗོངས་ལྟ་ཞིབ་ཚོགས་ཆུང་གིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནས་ཚུལ་ལ་བཀོད་གཏོང་དང་བཀོད་སྒྲིག་ཞིབ་ཚགས་གནང་བ་རེད།

ལིའུ་ཧྲེང་ཡུས་ཀྱིས་བླང་བྱ་བཏོན་དོན། འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། མཁའ་འགྲུལ་ཁུལ་གསར་གྱིས་དམངས་སྤྱོད་མཁའ་འགྲུལ་ཅུས་དང་། འགྲིམ་འགྲུལ་ཐིང་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་སྤྱོད་མཁའ་འགྲུལ་སྔོག་འདོན་ཁུལ་གྱི་ལམ་བུ་མ་བསྒྱུར་གོང་གི་སྦུག་མདོང་འདིང་རྒྱུ་འགན་ལེན་བྱེད་དགོས། གནད་དོན་བཅོས་སྒྲིག་བྱེད་མགྱོགས་སུ་གཏོང་དགོས་ཤིང་། རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་དང་། ཕྱོགས་བསྡུས་ཁྲིམས་འཛིན་ཅུས། སྡོད་ཁང་འཛུགས་སྐྲུན་ཅུས་སོགས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ཁྱབ་ཁོངས་སུ་ལྷག་པའི་གནད་དོན་ལ་རང་བཤེར་ཡག་པོ་བྱས་ཏེ་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་ཤིང་། རྣམ་གྲངས་ཀྱི་དོ་བདག་ཚན་པ་ཁག་གིས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཐོག་ཨར་ལས་ཚན་པས་སྐྱིད་གཤོངས་མ་ཡུར་དང་གད་སྙིགས་སྦས་ཡུལ་སོགས་རྣམ་གྲངས་ཀྱི་ཨར་ལས་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་འགན་ལེན་བྱེད་དགོས། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ཆེད་དོན་ཚོགས་ཆུང་ཁག་དང་། སྡེ་ཚན་ཁག ཤང་གྲོང་ཁག ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅོས་སྒྲིག་གཞུང་དོན་ཁང་། མཁའ་འགྲུལ་ཁུལ་གསར་བཅས་དབར་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་ཆགས་པ་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་དགོས་སོ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི་ལས་དོན་སྤེལ་རིམ་ངོ་སྤྲོད་བྱས་པ།
ངེད་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་རྒྱལ་དོན་སློབ་གསོ་མ་སྤེལ་གོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།