འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་བའེ་ཡུན་ཧྥུང་གིས་རྩེད་ཐང་གྲོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཕྱོགས་ལ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།
བའེ་ཡུན་ཧྥུང་གིས་སྔ་རྗེས་སུ་སྣེ་གདོང་ཆུས་ཤིན་ཁའེ་སྒོ་ཕྱུགས་གསོ་ཚགས་མཉམ་ལས་ཁང་དང་། ལོ་ཆུང་ཨར་སྐྲུན་སྙིགས་རོ་གཙང་སེལ་ཁུལ། ལོ་ཆུང་སྙིགས་རོ་བསྡུ་ལེན་ས་ཚིགས་སོགས་སུ་ཕེབས་ཏེ། ས་གནས་ས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཕྱོགས་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། འཕྲད་པའི་དཀའ་ཁག་གནད་དོན་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད།
ཁོང་གིས་བླང་བྱ་བཏོན་གནང་དོན། དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཁོར་ཡུག་འཕྲོད་བསྟེན་གྱི་དུག་སེལ་ལས་དོན་ཡག་པོ་སྤེལ་ནས་མཉམ་ལས་ཁང་སོགས་ཀྱི་ཉེ་འཁོར་ཁོར་ཡུག་ (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)གཙང་སྦྲ་ལེགས་བཅོས་རྒྱུན་ཆད་མེད་པ་བྱས་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་ཀའི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས། གོང་རིམ་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ། གཅིག་གྱུར་ཐོག་ནས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མྱུར་ཚད་ལ་དམ་འཛིན་ལྷོད་མེད་བྱེད་དགོས། མི་སྣའི་བསམ་བློའི་ལས་དོན་ཧུར་ཐག་སྤེལ་ཏེ། གནས་སྤོས་མཐུན་སྦྱོར་ལས་ཐབས་སྣ་ཚོགས་སྒོ་ནས་ཡག་པོ་སྒྲུབ་དགོས། ས་ཁོངས་སོ་སོ་དང་། སྡེ་ཚན་སོ་སོ། ཚན་ཁག་སོ་སོ་སོགས་ཀྱི་འགན་འཁྲི་དམ་ནན་དང་བཅོས་སྒྲིག་གི་མྱུར་ཚད་མགྱོགས་སུ་བཏང་སྟེ། ངེད་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་འདི་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་ཡག་པོ་གཏོང་དགོས།
ལོ་ཆུང་གད་སྙིགས་གཙང་སེལ་ཁུལ་དང་ལོ་ཆུང་སྙིགས་རོ་བསྡུ་ལེན་ས་ཚིགས་སུ། བའེ་ཡུན་ཧྥུང་གིས་ནན་བཤད་གནང་དོན། སྒྲིག་བཀོད་སྒྲིག་བྱད་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་འགྲོ་ལུགས་སྒྲིག་སྦྱོར་ཡག་པོ་བྱེད་དགོས་པ་དང་། གད་སྙིགས་རིགས་དབྱེའི་ལས་དོན་ཡག་པོ་སྤེལ་ཏེ། གད་སྙིགས་གཙང་སེལ་ཐབས་ལམ་ལེགས་སུ་གཏོང་དགོས། བྱ་དགའ་ཆད་གཅོད་ལམ་སྲོལ་བཙུགས་ཏེ། གད་སྙིགས་དབོར་འདྲེན་སོགས་ཀྱི་བརྒྱུད་རིམ་ཡོངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཚན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐོག ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྙིགས་རོ་བསྡུ་ལེན་ས་ཚིགས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།