第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2023年9月6日 星期
3 上一篇 放大 缩小 默认
མཛོ་གཡག་དོར་སྦྲེལ་ནས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཞིང་ལས།
 

ཉེ་དུས། གསར་འགོད་པས་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་མངའ་ཁོངས་ཞིང་ཐང་ནས་མུའུ་བརྒྱ་ཡི་དགུན་གྲོ་སྨིན་ཞིང་། ལུང་པ་ཁྱོན་ཡོངས་གསེར་མདོག་ཅན་ལ་སྣང་བ་དང་། འབྲས་བུའི་ཁུར་གྱིས་ལྗིད་པའི་སྙེ་རྡོག་ལས་ལོ་ལེགས་ཀྱི་ཉམས་ཡོངས་སུ་རྫོགས། བརྔ་བསྡུའི་འཕྲུལ་འཁོར་གྱིས་འཁུན་སྒྲ་དང་སྡེབ་ནས་ལོ་ཏོག་བསྡུ་གཡུལ་གཏོང་དང་འབྲུ་རིགས་མཛོད་ལ་འདྲེན་མཁན་གྱི་འཕྲུལ་འཁོར་གཅིག་རྗེས་གཉིས་མཐུད་ངང་རྒྱུག་པ་བཅས་ལས། སྟོན་བསྡུའི་རྣམ་པ་འཁྲུག་ཆ་ཅི་ལས་དོད།

ད་ལྟའི་ཆར། བཙས་མ་བརྔ་བསྡུ་

(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)ཅི་ལས་སྟབས་བདེ་བ་འདུག དེ་སྔོན་ཡིན་ན་མུའུ་5ཡི་ཞིང་ཁར་ཟླ་ཕྱེད་མི་ཟིན་འགོར་གྱི་ཡོད། ད་ཆ་ཡིན་ན། བརྔ་བསྡུ་འཕྲུལ་འཁོར་ཆེན་པོ་འདི་འདུག་སེ་བཏང་ན། ཆུ་ཚོད་བཞི་དང་ལྔའི་ནང་ཚང་མ་ཚར་གྱི་འདུག འདི་ལོ་ཆ་བཞག་ན། ངའི་ཁྱིམ་གྱིས་དགུན་གྲོ་མུའུ་8བཏབ་པར། མུའུ་རེ་ནས་གྲོའི་ཐོན་འབབ་རྒྱ་མ་800ཡས་མས་ཟིན་སོང་། བློ་བདེ་པོ་འདུག་ཅེས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མང་ཚོགས་བདེ་སྐྱིད་ཆོས་སྒྲོན་གྱིས་སྟོན་འབྲས་ལ་ལྟ་གིན་འཛུམ་དམུལ་དམུལ་ངང་འདི་ལྟར་གླེང་།

བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཞིང་པའི་ངོས་ནས། རྨོ་ལས་འདེབས་ལས་ནི་སྔ་མའི་མཛོ་གཡག་དོར་སྦྲེལ་དོར་ལ་བཅོལ་ནས་ཤུགས་ལས་རྔུལ་ཆུ་འཛར་འཛར་བྱེད་དགོས་མེད་པར། ས་ཞིང་དང་། ལག་རྩལ། འཕྲུལ་ཆས་སོགས་ཀྱི་ཐོན་སྐྱེད་གྲུབ་ཆ་ལེགས་སྒྲིག་འོས་འཚམས་ལས་སྟོན་བསྡུའི་ལས་ཀ་ཚར་གཅིག་ལ་མྱུར་བར་ལེགས་གྲུབ་ཐུབ་པ་མ་ཟད། ཐོན་འཕར་འབབ་འཕར་ལ་བརྩོན་ལེན་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར། བཀྲ་ཤིས་མཆོད་རྟེན་གྱི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་དཔེ་གཞིར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། སླད་ཀྱི་དུས་ཚོད་ནང་། གནད་ལ་སྨིན་པ་དང་། ཕན་ནུས་ཆེ་བ། རིག་ནུས་ཅན་ལ་ཕྱོགས་སོ།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཁྱོན་དགུན་གྲོ་མུའུ་513དང་ནས་མུའུ་123བཏབ་ཡོད་ཅིང་། སྔོན་དཔག་ལྟར་ན་མུའུ་རེའི་ཆ་སྙོམས་ཐོན་འབབ་ཁག་སོ་སོར་རྒྱ་མ་790དང་རྒྱ་མ་620ཟིན་གྱི་ཡོད་པ་རེད། སྔ་རྗེས་སུ་གཅིག་འཐུས་བརྔ་བསྡུའི་འཕྲུལ་འཁོར་36སྒྲིག་འཛུགས་བྱས་ནས་སྟོན་བསྡུའི་ནང་ཞུགས་པས་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད།

འདི་ལོ་ཚུན། སྣེ་གདོང་ཆུས་ཀྱིས་འབྲུ་རིགས་གསོག་འཇོག་ཐུབ་པ། འབྲུ་རིགས་གསོག་འཇོག་བྱེད་མཁས་པ་ཞེས་པར་འབོད་པའི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་དམངས་འཚོ་བརྟན་འཁྱོངས་ལ་འགན་སྲུང་བྱ་རྒྱུ་དེ་དོན་ཆེན་གལ་ཆེན་ཞིག་ལ་བརྩིས་ཏེ། རྨོ་ཞིང་དག་ཐོན་སྐྱེད་མིན་པའི་བྱེད་སྤྱོད་དུ་འགྱུར་རིགས་ལ་ཆེད་དོན་བཅོས་སྒྲིག་རྒྱུན་འཁྱོངས་བྱས་པ་མ་ཟད། གྲོང་གསེབ་ཀྱི་རྨོ་ཞིང་རང་དགར་བཟུང་སྤྱོད་བྱས་ནས་སྡོད་ཁང་འཛུགས་སྐྲུན་བྱེད་པའི་སྣང་ཚུལ་ལ་བཅོས་སྒྲིག་ཡག་པོ་བྱས་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། སོའོ། ས་ཚིགས་བཅས་ལ་གཞི་བཅོལ་ཐོག དང་བླངས་ཞབས་ཞུའི་རུ་ཁག་ཆུང་གྲས་སྒྲིག་འཛུགས་བྱས་ཏེ། གྲོང་འཇུག་ཁྱིམ་བཅར་དང་ཞིང་ཐང་མུ་ཁར་བསྐྱོད་ནས་སྲིད་ཇུས་དང་། ལག་རྩལ། ཁྲིམས་སྲོལ་བཅས་དྲིལ་བསྒྲགས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད། དུས་མཚུངས་སུ་ཞིང་ལས་ཐོག་སྤྱོད་སྒོ་ཆེ་བའི་ལག་རྩལ་ས་ཡུལ་དངོས་སུ་བསླབ་སྟེ། སྟོན་འབྲས་མ་ལུས་མཛོད་ཁང་ནང་འཇུག་རྒྱུར་རྨང་གཞི་སྲ་ཞིང་བརྟན་པ་བཏིང་ཡོད་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊
དགུ་ཅུའི་བགྲེས་གོས་བཞེས་ཀྱང་སེམས་ཤུགས་ཅི་ལས་ཆེ།
མཛོ་གཡག་དོར་སྦྲེལ་ནས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཞིང་ལས།