第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2023年9月6日 星期
下一篇 4 放大 缩小 默认
དགུ་ཅུའི་བགྲེས་གོས་བཞེས་ཀྱང་སེམས་ཤུགས་ཅི་ལས་ཆེ།
སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་འོག་གྲོས་ཚོའི་ཚེ་རིང་གཡང་འཛོམས་ཀྱི་སྐོར་བཀོད་པ།
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།
 

འདི་ནི་ཚེ་རིང་གཡང་འཛོམས་དང་ནང་མིའི་མཉམ་པར་ཡིན་པ།

དང་ཐོག་མར་ཚེ་རིང་གཡང་འཛོམས་མཐོང་དུས། བགྲེས་སོང་ཁོང་གི་ཉམས་དོད་པ་ལ་དཔེ་མི་སྲིད་པ་འདུག ཞལ་རས་ལས་རྒས་ཉམས་དེ་ཙམ་མི་འདུག་ལ། གོམ་སྟབས་མྱུར་ཞིང་། དགུང་ལོ་དགུ་ཅུ་ལ་གསོན་པ་རེད་ཟེར་ན་ཡིད་ཆེས་དཀའ་བའི་གནས་སུ་ལྷུང་།

གསར་འགོད་པས་ཁྱིམ་ལ་བཅའ་འདྲི་བྱེད་པར་སླེབས་པ་ཤེས་སྐབས། མ་གཞི་ཚེ་རིང་གཡང་འཛོམས་ཀྱིས་རྒྱ་སྐད་མ་ཤེས་ཀྱང་། ལག་བརྡས་གསར་འགོད་པར་སྣེ་ལེན་བྱེད་ཞོར། སྒྲོག་རྩེའི་སྟེང་ནས་ཤིང་འབྲས་དང་འཐུང་བྱ་བླངས་ནས་སྤྲད། ད་དུང་འཛུམ་དམུལ་དམུལ་ངང་གསར་འགོད་པར་དགའ་བསུ་ཞུ་བའི་རྣམ་འགྱུར་སྟོན་བཞིན་མཆིས།

རྨོ་བོ་ཚེ་རིང་གཡང་འཛོམས་ལགས་ཀྱི་སྐྱེས་ལོ་ནི་1934ལོ་ཡིན་ཞིང་། ཁོང་ནི་ང་ཚོ་ཡར་སྟོད་ཤང་གི་ཀུན་སྤྱོད་མིག་དཔེ་བཟང་ཤོས་དང་། སྣེ་གདོང་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ། ལྷོ་ཁ་གྲོང་ཁྱེར་གྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ཕུལ་བྱུང་སྒྲོག་འགྲེལ་མི་སྣ་བཅས་ཀྱི་མཚན་སྙན་རག་མཁན་དེ་རེད་ཅེས། ལམ་སྟོན་ལ་ཡོང་བའི་གྲོང་སྡོད་ལས་བྱེད་པ་པད་མ་ཆོས་འཕེལ་གྱིས་གསར་འགོད་པར་ངོ་སྤྲོད་དང་སྦྲགས་བརྗོད།

གླེང་མོལ་ཁྲོད། བགྲེས་གོས་གྱོན་མཁན་གྱི་རྨོ་བོ་ཚེ་རིང་གཡང་འཛོམས་ཀྱི་རིག་པ་དྭངས་ཤིང་གྲུང་ལ། སྨྲ་བརྗོད་ཀྱང་བདེ་པོས་རང་ཉིད་ཀྱི་མྱོང་རྒྱུད་དེ་དང་འདི་གསུངས་བྱུང་།

དེའང་། ཚེ་རིང་གཡང་འཛོམས་ཀྱི་དྲན་པའི་ངོས་སུ་ནམ་ཡང་བརྗེད་པར་དཀའ་བ་ཞིག་ནི། ཁོང་ཆུང་དུས་ཞིང་བྲན་བདག་པོས་རྡུང་རྡེག་གཉའ་གནོན་འོག་འཚར་ལོངས་བྱུང་བ་དང་ལྷག་དོན་དུ་བཀྲེས་ལྟོགས་ཀྱིས་མནར་བ་དེ་རེད། རྗེས་ལ། བཅིངས་འགྲོལ་དམག་མི་བོད་ལ་སླེབས་པས། ཚེ་རིང་གཡང་འཛོམས་ལ་རང་ཁྱིམ་རང་བདག་ཐོབ་པ་མ་ཟད། ས་ཞིང་ཡང་རག་པས། འཚོ་བར་རེ་བས་ཁེངས་པ་བྱུང་ཡོད་པ་རེད།

བཅིངས་འགྲོལ་དམག་མིར་དྲིན་ལན་འཇལ་ཆེད། 1962ལོར། ཚེ་རིང་གཡང་འཛོམས་ཀྱིས་རང་འགུལ་ངང་འཐབ་ས་མདུན་མར་བསྐྱོད་དེ་དམག་དཔུང་ལ་འབྲུ་རིགས་དང་རྫས་མདེལ་སོགས་དངོས་ཟོག་དབོར་འདྲེན་ལས་ལ་གཞོལ་བ་རེད།

ཉིན་མོ་ཡིན་ན་ང་ཚོས་གབ་ནས་སྡོད་ཀྱི་ཡོད། མཚན་མོ་ཡིན་ན་དངོས་ཟོག་སྒལ་པར་འཁུར་ནས་མདུན་ལ་ཤོར་ནས་འགྲོ་གི་ཡོད་ཅེས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་དྲན་གསོ་དང་སྦྲགས་བརྗོད། ད་དུང་ཐེངས་ཤིག་དབོར་འདྲེན་སྐབས་སུ། སྟབས་མི་ལེགས་པ་ཞིག་ལ། ཚེ་རིང་གཡང་འཛོམས་ཀྱི་རྐང་པ་རྨས་སྐྱོན་ཤོར་བ་རེད། དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་ལ་སྡོད་སྐབས། དམག་དཔོན་ཀྲང་གོའོ་ཧྭ་ཡིས་ཁོ་མོར་གཟིགས་པར་ཕེབས་པ་མ་ཟད། རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་མིག་དཔེར་དཔྱད་འདེམས་བྱས་པ་རེད།

པད་མ་ཆོས་འཕེལ་གྱིས། ད་ལྟའི་ཆར། གྲོང་ཚོའི་ནང་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིམ་བཞིན། བོད་གསར་རྙིང་གི་བསྡུར་བ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་གསལ་འགྲེལ་ཞུ་བར་རྨོ་བོ་ཚེ་རིང་གཡང་འཛོམས་མེད་ན་མེད་ཐབས་རེད། ཁོང་གི་འཆད་འཁྲིད་གནང་སྐབས། ཚང་མས་ནན་ཏན་སྒོ་ནས་ཉན་གྱི་ཡོད་ལ། སྐབས་འགར་སེམས་འགུལ་ཐེབས་ནས་མཆི་མ་ཡང་ཤོར་བའི་མང་ཚོགས་མང་པོ་ཡོད་ཅེས་གསར་འགོད་པར་བརྗོད། ཆོས་སྡེ་འོག་གྲོང་ཚོ་གཅིག་པུ་མིན་པར། ཚེ་རིང་གཡང་འཛོམས་ཀྱིས་ད་དུང་ཡར་སྟོད་ཤང་གི་གྲོང་ཚོ་གཞན་དག་ལ་སྒྲོག་འགྲེལ་བྱེད་པར་བསྐྱོད་མྱོང་ཡོད་པ་རེད།

པཱ་ལགས་ཆུང་དུས་ནས་གྲོངས་པས། ཨ་མ་ལགས་ཀྱིས་ང་ཚོ་གཅེན་གཅུང་ཚོ་གསོ་སྐྱོང་གནང་བ་རེད་ཅེས་ཚེ་རིང་གཡང་འཛོམས་ཀྱི་བུ་གཞོན་པ་ཚེ་རིང་དངོས་གྲུབ་ཀྱིས་བརྗོད། ད་ལྟའི་ཆར། ཚེ་རིང་དངོས་གྲུབ་ནི་ཆོས་སྡེ་འོག་གྲོང་ཚོའི་ཀྲུའུ་རེན་གཞོན་པ་ཞིག་ཡིན་པས། ཚེ་རིང་གཡང་འཛོམས་ཀྱིས་བུ་ལ་རྟག་པར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱ་དགོས་པའི་གོ་བསྐོན་སློབ་གསོ་གཏོང་གི་ཡོད་པ་མ་ཟད། དུས་དང་རྣམ་པ་ཀུན་དུ་མང་ཚོགས་ཀྱི་བྱ་བ་ཆེ་ཆུང་ག་རེ་ཡིན་ཡང་བློ་གཅིག་སེམས་གཅིག་གིས་སྒྲུབ་དགོས་པའི་མངགས་གཏམ་རྒྱག་གནང་གི་ཡོད་པ་རེད།

ཚེ་རིང་དངོས་གྲུབ་ཀྱིས་ཀྱང་ཨ་མའི་གོ་བསྐོན་སློབ་གསོ་སེམས་ལ་བརྟན་པོར་ངེས་ཏེ། རང་རང་ལས་གནས་ཐོག་འབད་བརྩོན་ཆེར་སྐྱེད་བྱེད་ཀྱི་ཡོད། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་རྣམ་གྲངས་ལག་བསྟར་འོག གྲོང་ཚོའི་ནང་ཐེམ་དུད་ཚང་མའི་མདུན་ལ་གཞུང་ལམ་དང་། གཡུལ་ཁ། བཙོག་ཆུའི་སྦུག་ལམ་དྲ་བ། སྔོ་འགྱུར་ལས་གཞི་སོགས་རྨང་གཞིའི་སྒྲིག་བཀོད་དག་ཉམས་བཟོ་བྱུང་ཡོད་པ་རེད། ཚེ་རིང་དངོས་གྲུབ་ཀྱིས་གྲོང་ཚོ་གཅིག་པའི་མང་ཚོགས་ཁྱིམ་གྱི་ལས་གྲྭ་ཚང་མར་དོ་ཁུར་ཆེན་པོ་བྱས་ཏེ། དཀའ་ཁག་གནད་དོན་སེལ་རོགས་བྱེད་ཀྱི་ཡོད་པ་རེད། རང་ཁྱིམ་སྒོ་རྩར་ཉམས་བཟོ་འཁེལ་སྐབས། ཁོ་པས་རང་འགུལ་ངང་ཨར་སྐྲུན་ཚན་པར་སྔོན་ལ་མང་ཚོགས་གཞན་གྱི་སྒོ་རྩར་བསྐྱོད་དགོས་པའི་རེ་བ་བཏོན་ནས་རང་ཁྱིམ་གྱི་ཉམས་བཟོའི་ལས་ཀ་མཇུག་ཤོས་སུ་འཇོག་གི་ཡོད།

ཚེ་རིང་གཡང་འཛོམས་ཀྱི་ཚ་བོ་པ་སངས་དོན་གྲུབ་ནི་ཆུང་དུས་ནས་རྨོ་བོ་དང་འཚོ་བ་མཉམ་དུ་སྐྱེལ་གྱི་ཡོད་པས། དབྱར་གསེང་འཇོག་རིམ་བཞིན་ཚེ་རིང་གཡང་འཛོམས་སར་སྡོད་ཀྱི་ཡོད། པ་སངས་དོན་གྲུབ་ཀྱིས་ད་དུང་རྨོ་བོ་ལགས་ལ་སྔ་མའི་གཏམ་རྒྱུད་གསུངས་རྒྱུའི་རེ་བའང་འདོན་གྱི་ཡོད།

པ་སངས་དོན་གྲུབ་ཀྱིས་རྨོ་བོ་ལགས་ཀྱིས་གསུངས་པའི་བཅིངས་འགྲོལ་དམག་མིའི་གཏམ་རྒྱུད་དང་། གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཉིན་རེ་ལས་མ་འདས་པར་འཕོ་འགྱུར་ཆེན་པོ་བྱུང་བའི་གཏམ་རྒྱུད་སེམས་ལ་བརྟན་པོར་ངེས་ཡོད། ད་ལྟའི་ཆར། པ་སངས་དོན་གྲུབ་ནི་དགེ་རྒན་ཞིག་ཡིན་པའི་ངོས་ནས། ཁོ་པས་རྨོ་མོ་ལགས་ཀྱིས་གསུངས་པའི་གཏམ་རྒྱུད་དག་གྲོགས་པོ་ཆུང་ཆུང་ཚོར་ཤོད་ཀྱི་ཡོད།

རྨོ་བོ་ལགས་ཀྱིས་ཉིན་ལྟར་གྲོང་ཚོའི་ནང་སྐོར་བ་བསྐོར་གཡེང་བསྐྱོད་རྒྱུར་མཉེས་པོ་ཡོད། གལ་ཏེ་ལམ་བར་དུ་མིས་གད་སྙིགས་གང་བྱུང་དུ་བོར་བའི་གནས་ཚུལ་མཐོང་མ་ཐག་ཁོང་གིས་ལམ་སེང་སློབ་གསོ་ཡག་ཐག་ཆོད་ཅིག་བསྐྱོན་གྱི་ཡོད། ད་དུང་གྲོང་པ་ཁྱིམ་མཚེས་དབར་ལ་འགལ་ཟླ་རྩོད་གླེང་འདྲ་བྱུང་ཚེ། ཁོང་གིས་རང་འགུལ་ངང་ཁོང་ཚོའི་སར་བསྐྱོད་ནས་འདུམ་འགྲིག་ཡོང་ཐབས་གནང་གི་ཡོད། ཚང་མས་རྨོ་བོ་ཚེ་རིང་གཡང་འཛོམས་ཀྱི་གསུངས་པའི་བཀལ་མོལ་ལ་ཆ་འཇོག་ཆེན་པོ་བྱེད་ཀྱི་ཡོད།

དེ་མིན། གྲོང་མི་ཚོའི་ཁ་གསབ་རོགས་དངུལ་དང་བགོ་འགྲེམས་ཁེ་གཙང་དུས་ཐོག་ལ་མ་རག་ཚེ། རྨོ་བོ་ཚེ་གཡང་འཛོམས་ཀྱིས་དུས་ཚོད་ཨང་དང་པོར་བུ་ལ་འདྲི་རྩད་བྱས་ནས་གང་མགྱོགས་དོན་འཁྱོལ་བྱེད་དགོས་པའི་སྐུལ་མ་བཏང་སྟེ། མང་ཚོགས་ཚོའི་བློ་ཕམ་དུ་བཅུག་གི་མེད།

ཚེ་རིང་གཡང་འཛོམས་ཀྱིས། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོ་འདི་འདྲའི་འོག ང་ཚོའི་ལྟོ་གོས་སྡོད་གསུམ་ལ་སེམས་ཁྲལ་གཅིག་ཀྱང་མེད། དངོས་གནས་ཡིན། འདི་ལས་ཡག་པ་ག་པར་འཚོལ་བར་འགྲོ་ཞེས་གསུངས།

བཅའ་འདྲི་མཇུག་འགྲིལ་རྗེས། གསར་འགོད་པས་ཆོས་སྡེ་འོག་གྲོང་ཚོ་ནས་ཐོན་སྐབས། ས་ཐག་རིང་པོ་ནས་ཚེ་རིང་གཡང་འཛོམས་ཀྱིས་གྲོང་ཚོའི་ནང་འཆམ་འཆམ་ལ་འགྲོ་བཞིན་པའི་གཟུགས་བརྙན་འཆར། ཁོང་གིས་ལམ་བར་དུ་གད་སྙིགས་སྒྲུག་གིན་མང་ཚོགས་ཚོ་ལ་འཚམས་འདྲི་བྱེད་བཞིན་འདུག

ལ་ཁའི་ཉི་མའི་ཟེར་འཕྲོས་འོག །བགྲེས་སོང་གཞོན་ཤ་ཅི་ལས་རྒྱས། ། བགྲེས་གོས་བཞེས་པའི་རྨོ་བོ་ཚེ་རིང་གཡང་འཛོམས་ཀྱི་གཟུགས་བརྙན་དེ་ཡར་སྟོད་ཀྱི་ལུང་ཤུར་ནང་གཞན་གྱི་ཡིད་ལ་བརྣག་ཅིང་། ཀུན་གྱིས་མཐེ་བོང་བསྒྲེངས་སོ། །

འདི་ནི་ཚེ་རིང་གཡང་འཛོམས་ཀྱིས་གསར་འགོད་པའི་བཅའ་འདྲི་དང་ལེན་བྱེད་བཞིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:视觉周刊
དགུ་ཅུའི་བགྲེས་གོས་བཞེས་ཀྱང་སེམས་ཤུགས་ཅི་ལས་ཆེ།
མཛོ་གཡག་དོར་སྦྲེལ་ནས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཞིང་ལས།