ཉེ་ཆར་ཀོང་ཤིས་ནན་ཉིང་གྲོང་ཁྱེར་སྲོག་ཆགས་གླིང་དུ་དོམ་ཁྲ་གཅེན་གཅུང“ཅི་མེ”དང“ཅི་ལན”གཉིས་ལོ་7ལ་སླེབས་པའི་སྐྱེས་སྐར་བཏང་ཞིང་། དོམ་ཁྲ“ཅི་མེ”དང“ཅི་ལན”གཉིས་ཁྲེང་ཏུའུ་དོམ་ཁྲ་རྒྱུད་སྤེལ་ཞིབ་འཇུག་རྟེན་གཞི་ནས་ཡོང་བ་དང་གཅེན་གཅུང་གཉིས་2016ལོའི་ཟླ་6པར་སྐྱེས་པ་དང་2019ལོར་ནན་ཉིང་དུ་སླེབས་པ་རེད། འདི་ནི་དོམ་ཁྲ“ཅི་མེ”ཡིས་ཞིམ་ཟས་ཟ་བཞིན་པ།
ཉེ་ཆར་ལེའོ་ཉིང་ས་ཁུལ་དུ་བསྟུད་མར་གནམ་གཤིས་ཚ་བ་ཆེན་པོ་བསྟན་པས། གསོ་ཚགས་མཁན་གྱིས་ལྟ་རྟོག་ཞིབ་ཚགས་བྱས་པ་བརྒྱུད་ཨན་ཧྲན་སྲོག་ཆགས་གླིང་གི་ལོ་5ལ་སླེབས་པའི་དོམ་ཁྲ“ཀང་ཀང”གིས་དྲོད་ཚད་སྙོམས་སྒྲིག་འཕྲུལ་ཆས་ལ་བརྟེན་ནས་ཚ་གདུང་སེལ་ཐབས་བྱེད་པ་དང་སྨྱུག་མ་དང་། ཤིང་འབྲས། ཧུའུ་ལ་ཕུག སྦྲང་རྩི་སོགས་བཟའ་བཅའ་སོས་པ་བཟས་ནས་བསིལ་མདོག་ཁ་པོས་དབྱར་ཁ་སྐྱེལ་བཞིན་ཡོད་པ་རེད། འདི་ནི་དོམ་ཁྲ“ཀང་ཀང”གིས་ཨན་ཧྲན་སྲོག་ཆགས་གླིང་དུ་སྨྱུག་མ་བཟའ་བའི་གནས་ཚུལ་ཡིན་པ།
ཤར་ཕྱོགས་ཁྲུང་ཁྲུང་དཀར་པོ།
ཉེ་ཆར་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥུང་ནན་ཆུས་ཧའེ་ཡན་ཙེ་གྲོང་རྡལ་གྱི་མཚོ་འགྲམ་འདམ་རའི་མཐོ་གནོན་གློག་སྐུད་ཀྱི་ལྕགས་སྒྲོམ་སྟེང་གི་བྱ་ཚང་ནང་ཤར་ཕྱོགས་ཁྲུང་ཁྲུང་དཀར་པོའི་ཕྲུ་གུ་30ཁྲུང་ཁྲུང་ཨ་མའི་གསོ་སྐྱོང་འོག་འཚར་ལོངས་ཡག་པོ་ཡོང་བཞིན་ཡོད། འདི་ནི་ཤར་ཕྱོགས་ཁྲུང་ཁྲུང་དཀར་པོ་ཡིན་པ།
ཧེ་ལུང་ཅང་གི་བྱང་ཤར་སྟག་ཕྲུག་བདེ་ཐང་ངང་འཚར་ལོངས་བྱུང་བ།
ཧེ་ལུང་ཅང་གི་བྱང་ཤར་སྟག་གི་སྤྱི་གླིང་དུ་འདི་ལོ་སྐྱེས་པའི་བྱང་ཤར་སྟག་ཕྲུག་མང་ཆེ་བ་ཟླ་བ་ཚང་ཡོད། གྲུང་ཤ་དོད་པའི་བྱང་ཤར་སྟག་ཕྲུག་འདི་དག་གིས་གནམ་གཤིས་ལེཌ་པའི་སྐབས་སུ་ཕྱི་རོལ་དུ་དོན་ནས་གསོ་ཚཌ་པའི་ལྟ་སྐྱོང་འོག་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད། འདི་ནི་ཧེ་ལུང་ཅང་བྱང་ཤར་སྟག་ཕྲུག་གླིང་ནས་པར་བླངས་པའི་བྱང་ཤར་སྟག་ཕྲུག་ཡིན་པ། (ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚཌ་པར)