མི་དམངས་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། རིག་གནས་དང་ཡུལ་སྐོར་པུའུ་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་རིག་གནས་དང་ཡུལ་སྐོར་པུའི་སྒྱུ་རྩལ་སི་དང་། ནང་སོག་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། ཨེར་ཏུའོ་སི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བའི་རྒྱལ་ཡོངས་ཀྱི་ཞབས་བྲོ་འགྲེམས་འཁྲབ་སྐབས་བཅུ་བཞི་པ་ཟླ་7ཚེས་6ཉིན་ཨེར་ཏུའོ་སི་གྲོང་ཁྱེར་དུ་འགོ་འཛུགས་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་ཞབས་བྲོ་འགྲེམས་འཁྲབ་ནི་ཞབས་བྲོའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད། ལོ་40ཙམ་རིང་སྐབས་13གཉེར་ནས་ཕུལ་བྱུང་གི་ཞབས་བྲོའི་ལེ་ཚན་འབོར་ཆེན་ཞིག་བཏོན་པ་དང་གསར་རྩོམ་དང་འཁྲབ་སྟོན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་ཤེས་རྟོགས་དང་གསོ་སྐྱོང་བྱས་ཡོད། ད་ཐེངས་ཀྱི་འགྲེམས་འཁྲབ་ནང་རྒྱལ་ཡོངས་ནས་བསྐྱལ་བའི་ཞབས་བྲོའི་ལེ་ཚན་860དང་ཞབས་བྲོའི་ཟློས་གར་དང་ཞབས་བྲོའི་སྙན་ངག་36འབྱོར་ཡོད། རིགས་གཅིག་མཁས་ཅན་གྱིས་ནན་ཏན་ངང་འདེམས་སྒྲུག་བྱས་མཐར་འགྲེམས་འཁྲབ་ལ་ཞུགས་པའི་ཕུལ་བྱུང་གི་ཞབས་བྲོའི་ལེ་ཚན་70དང་ཞབས་བྲོའི་ཟློས་གར་དང་ཞབས་བྲོའི་སྙན་ངག་13བདམས་པ་རེད།