第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年11月9日 星期
3 上一篇  下一篇 4 放大 缩小 默认
བསྡུས། འཕྲིན།
 

ཉེ་དུས། ཆུ་གསུམ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། ཚོགས་འདུས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་བྱ་རྒྱུ་དེ་འདུ་ཤེས་གསུམ་དང་ཚད་གཞི་བཞི་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་ཆགས་རྒྱུར་བརྩོན་པ་སོགས་དང་ཟུང་འབྲེལ་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་ཟུག་པ་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཉེ་ཆར། ཟངས་རི་རྫོང་གྲོང་སྡོད་ཁྱབ་ཁོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་གི་ཚོགས་འདུ་བསྐོང་འཚོག་བྱས་ཤིང་། ཚོགས་འདུས་གྲོང་སྡོད་ལས་དོན་རུ་ཁག་གི་འཆར་ཅན་ཚོགས་འདུ་སོགས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཚོས་གོ་བདེ་བ་དང་རྟོགས་སླ་བ། ངེས་བདེ་བ་བཅས་ཀྱི་སྐད་ཡིག་ཐོག་ནས་གསལ་འགྲེལ་བྱེད་དགོས་པ་མ་ཟད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱད་ནས་ལག་ལེན་ལ་མཛུབ་ཁྲིད་དང་ལས་ཀར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

ཉེ་སྔོན། མཚོ་སྨད་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གི་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུས་ལངས་ཕྱོགས་བརྟན་གཏོང་དང་སྲོག་ཤིང་གི་རྗེས་སུ་འབྲངས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཆབ་སྲིད་ཐད་ལྷག་བསམ་གོང་བཀུར་ཐུབ་པ་བྱས་ཐོག སེམས་ནུས་གཅིག་ལ་སྒྲིལ་ནས་རྫོང་ཡོངས་ཀྱི་ལས་དོན་ཁག་ལེགས་སྒྲུབ་ཏན་ཏིག་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཉིན་ཤས་བསྟུད་མར། སྣེ་གདོང་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་མཉམ་འབྲེལ་ཐོག ཉིང་སྐྱུར་ཞིབ་དཔྱད་སོགས་ཀྱི་ལས་དོན་སྤེལ་ནས་ནུས་ཤུཊ་ཡོད་རྒུས་སློབ་གྲྭར་ལོག་མཁན་གྱི་དགེ་སློབ་ཚོའི་ཚེ་སྲོག་བདེ་འཇཊ་དང་གཟུཊ་གཞིའི་བདེ་ཐང་ལ་སྲུང་སྐྱོང་བྱས་པ་རེད།

ཉེ་སྔོན། གོང་དཀར་རྫོང་ལྟེ་གནས་སྨན་ཁང་གིས་ཉིང་སྐྱུར་ཞིབ་དཔྱད་དང་འབྲེལ་བའི་གཅིག་སྡུད་གསོ་སྦྱོང་གཉེར་ཏེ། གསོ་སྦྱོང་ནང་ཞུགས་མཁན་ཚོར་ཉིང་སྐྱུར་མ་དཔེ་ལེན་སྟངས་ཚན་རིག་དང་མཐུན་པ་ཡོང་རྒྱུར་འགན་ལེན་བྱས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲི་གུ་གྲོང་རྡལ་གྱིས་གསར་གཏོད་རང་བཞིན་སྒོ་ནས་ འབྲོག་ཟོག་བྲིན་ཚོང་གི་ཐབས་ལམ་བཤམས་པ།
བསྡུས། འཕྲིན།
བཀྲ་ཤིས་ཕུན་ཚོགས་ཀྱིས་མཚོ་སྣ་རྫོང་དུ་ཆུ་བོའི་སྐོར་ཞིབ་དང་ཞིབ་བཤེར་ལས་དོན་སྤེལ་བ།