第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年11月9日 星期
下一篇 4 放大 缩小 默认
གྲི་གུ་གྲོང་རྡལ་གྱིས་གསར་གཏོད་རང་བཞིན་སྒོ་ནས་ འབྲོག་ཟོག་བྲིན་ཚོང་གི་ཐབས་ལམ་བཤམས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་5ཉིན། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་འབྲོག་ཟོག་འགྲེམས་ཚོང་འདུ་ཚོགས་དེ་ལྷོ་ཁའི་བོད་འབྱུང་ཚོང་གཉེར་ལྟེ་གནས་སུ་གཉེར་བ་རེད། དེ་ཉིན་འབྲོག་ཟོག་འགྲེམས་ཚོང་ལས་ཡུལ་དངོས་སུ་ཉོ་ཚོང་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།

ཞོ་སྒམ་གཉིས་ཉོ་ཡི་ཡིན་ཞེས་དང་། སྟར་ཕྱུར་ཞིམ་ལོས་འདུག་གམ། བྲོ་བ་གཅིག་བལྟས་ན་འགྲིམ་གམ་ཞེས་དང་། འབྲི་མར་རྒྱ་མ་ལྔ་འགྱོགས་རོགས་ཞེས་སོགས་སྐུ་མགྲོན་མང་པོས་འབྲོག་ཟོག་མཁོ་སྒྲུབ་ལ་བྲེལ།

འགྲེམས་ཚོང་སྟེགས་བུའི་སྟེང་། ཕྱུར་བ་དང་། ཞོ། འབྲི་མར། ཤ་ལྕུག་སོགས་འབྲོག་ཟོག་སྣེ་ཁ་འཛོམས་པོ་ཡོད་པས། གོང་ཚད་འདྲི་མཁན་དང་མཁོ་སྒྲུབ་བྱེད་མཁན་གྱི་སྐུ་མགྲོན་གཅིག་མཇུག་གཉིས་མཐུད་རེད་འདུག

གྲོང་མི་བག་བྲོས་ཉོ་ཐེངས་གཅིག་རང་ལ་འབྲི་མར་རྒྱ་མ་50ཉོས་སོང་། ཁོ་པས་ལག་ཐོགས་ཁ་པར་གྱི་འཕྲིན་ཕྲན་བརྒྱུད་ནས་དངུལ་སྤྲོད་གྱིན། ང་ཚོའི་ཁྱིམ་གྱིས་གྲི་གུའི་འབྲི་མར་རྐྱང་མཁོ་སྒྲུབ་བྱེད་ཀྱི་ཡོད། ད་ལོ་རྒྱུ་རྐྱེན་སྣ་ཚོགས་རྐྱེན་པས་ཟླ་བ་ཁ་ཤས་ཉོ་ཐུབ་མ་སོང་། དེ་རིང་ལམ་བར་འགྲེམས་ཚོང་དང་ཁ་ཐུག་ཡག་པོ་བརྒྱབ་སོང་། རིན་གོང་ཡང་འཚམས་པོ་འདུག དེར་བརྟེན་མང་ཙམ་ཉོས་པ་ཡིན་ཞེས་ལབ་ཀྱི་འདུག

ཁོང་ཚོས་ཕྱུར་སྐམ་དང་ཤ་ལྕུག་བཙོང་གི་ཡོད་པ་མཐོང་བྱུང་། འབྲོག་ཟོག་གི་འཐུམ་འགྲིལ་དང་རིན་གོང་གང་ས་ཅི་ཐད་ནས་ཡག་པོ་ཞེ་དྲགས་འདུག བྱས་ཙང་ཏོག་ཙམ་ཉོས་ནས་བྲོ་བ་བལྟ་ཡི་ཡིན། གལ་སྲིད་ཞིམ་པོ་འདུག་ན། ད་དུང་ཉོ་བར་ཡོང་གི་ཡིན་ཞེས་གྲོང་མི་ཕུན་ཚོགས་བུ་ཁྲིད་ཀྱིས་དེ་ལྟར་གླེང་།

གྲི་གུ་གྲོང་རྡལ་ནི་འབྲོག་ཁུལ་གྲོང་རྡལ་ཆེ་གྲས་ཤིག་ཡིན་ཞིང་། འབྲོག་ཟོག་ནི་གྲི་གུ་འབྲོག་པའི་ཡོང་སྒོ་གཙོ་བོ་དེ་ཡིན་པས། འབྲོག་ཟོག་ཚོང་ལམ་ཤར་གཏོང་བྱེད་ཤུགས་ཆེ་རུ་བཏང་བ་ལས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་རྒྱ་སྐྱེད། དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

དེ་རིང་སྔ་དྲོ་བྲིན་ཁ་རྒྱུག་ཤོས་ནི་ཕྱུར་སྐམ་དང་འབྲི་མར་རེད། རྩིས་གཅིག་རྒྱག་དུས་དངུལ་དམར་སྒོར་དགུ་སྟོང་ཟིན་མ་ཟིན་གྱི་ཡོང་འབབ་བྱུང་ཚར་སོང་། དེའང་ད་ལོ་ནད་ཡམས་ཀྱིས་རྐྱེན་པས། ང་ཚོའི་གྲོང་རྡལ་གྱི་ཡོང་འབབ་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་སོང་། འོན་ཀྱང་གྲོང་ཁྱེར་དང་རྫོང་གི་རོགས་རམ་འོག ད་ཐེངས་ཀྱི་འགྲེམས་ཚོང་འདུ་ཚོགས་འདི་བདེ་བླག་ངང་གཉེར་ཐུབ་པ་བྱུང་བ་མ་ཟད། ང་ཚོ་འབྲོག་པའི་འབྲོག་ཟོག་འདི་ནས་ཕྱིར་འཚོང་བརྒྱུད། ཡོང་འབབ་འཕར་སྣོན་ཐུབ་སོང་བས། དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གྲི་གུ་གྲོང་རྡལ་ཅུང་མཚོ་གྲོང་ཚོའི་འབྲོག་པ་བྲེ་ཀྲང་གིས་འཛུམ་དམུལ་དམུལ་ངང་བརྗོད།

དེ་མིན། འགྲེམས་ཚོང་འདུ་ཚོགས་གཉེར་ཡུལ་དུ་འཕྲིན་ཕྲན་གྱི་རྩ་གཉིས་ཨང་རྟགས་སྦྱར་སྒྲོམ་གཅིག་བཟོས་འདུག སྐུ་མགྲོན་གྱིས་སྦྱར་སྒྲོམ་ལ་བལྟས་ནས་བློ་ལ་བབས་པའི་འབྲོག་ཟོག་ཡོད་ན། རྩ་གཉིས་ཨང་རྟགས་བཤེར་ནས་ཟོག་བདག་དང་ཐད་ཀར་ཟོག་གོང་འགྲིག་ཆོག་པ་མ་ཟད། ཚགས་ཤ་མངགས་ཉོའང་བྱས་ཆོག་པས། སྟབས་བདེ་ཐག་ཆོད་བཟོས་འདུག

ངས་གཡག་གཅིག་བདམས་ནས་མངགས་ཉོ་བྱས་ཚར། ཁོང་ཚོས་བཤས་བཏང་རྗེས། ཚགས་ཤ་ཁྱིམ་ལ་བསྐྱལ་བར་ཡོང་བ་ཡོད། མངགས་ཉོ་འདི་འདྲ་བྱས་པ་དང་པོ་ཡིན། དངོས་གནས་ཡག་པོ་ཞེ་དྲགས་འདུག་ཅེས་གྲོང་མི་བསོད་ནམས་དབང་ཆེན་གྱིས་འཕྲིན་ཕྲན་ནང་དོ་བདག་དང་ཚོང་འགྲིག་པའི་པར་རིས་བསྟན་གྱིན་དེ་ལྟར་བརྗོད།

གྲི་གུ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཉི་མ་དོན་གྲུབ་ཀྱིས། ང་ཚོས་ཀྱང་དྲ་ཐོག་ནས་ཚགས་ཤ་ལུག་ཤ་ཕྱིར་འཚོང་བྱེད་ཐེངས་དང་པོ་ཡིན། སྐུ་མགྲོན་ཚོས་ལུག་དང་འབྲི་གཡག་བདམས་ནས་འགྱུར་གཏན་སྤྲད་རྗེས། འབྲོག་པས་སྐུ་མགྲོན་གྱི་དགོས་མཁོར་གཞིགས་ཏེ་སྐུ་མགྲོན་གྱི་སྒོ་རྩར་སྐྱེལ་བ་ཡོང་གི་ཡོད་ཅེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་བསྟར་ཐབས་གལ་ཆེན་ཞིག་ཡིན་ཞེས་མཛུབ་སྟོན་གནང་ཡོད། འབྲོག་ཁུལ་གྲོང་རྡལ་ཆེ་གྲས་ཤིག་ཡིན་པའི་ངོས་ནས། ངེད་གྲོང་རྡལ་གྱི་འབྲོག་ཟོག་ཕྱིར་འཚོང་ཐད་དཀའ་ཁག་ངེས་གཏན་འཕྲད་ཀྱི་འདུག ལྷག་དོན་འདི་ལོ་རིམས་ནད་ཀྱིས་རྐྱེན་པས་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་བྱུང་། འདི་དག་ཁྱད་བསད་ཐུབ་ཕྱིར། ང་ཚོས་འདི་གར་ཐོན་ཟོག་འགྲེམས་ཚོང་གི་སྟེགས་བུ་འདི་བསྐྲུན་ནས། འབྲོག་ཟོག་ཕྱིར་འཚོང་གི་ཐབས་ལམ་ཤར་གཏོང་ཐུབ་པ་བྱས་ཐོག འབྲོག་པའི་འབབ་འཕར་ལ་འདེགས་སྐྱོར་ཡོང་བ་བྱ་རྒྱུ་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་ཚོང་འདུ་ཚོགས་དུས་ཡུན་ཉིན་20ཙམ་གཉེར་འཆར་ཡོད་པ་རེད། མིག་སྔར། འབྲི་མར་དང་། ཕྱུར་སྐམ། ཤ་ལྕུག་སོགས་ཟོག་སྣ་མ་གཅིག་པ་ཁྱོན་རྒྱ་གྲངས་ཁྲི་7.6ཡོད་པ་མ་ཟད། སྔོན་དཔག་ལྟར་ན། ཟླ་11པའི་ཚེས་20ཉིན་ནས་བཟུང་ཚགས་ཤ་དང་ལུག་ཤ་ཚོང་རྒྱུ་ཡིན་ཞིང་། དྲ་ཐོག་ནས་མངགས་ཉོ་དང་ས་ཡུལ་དངོས་སུ་སྐྱེལ་བའི་བྱ་ཐབས་སྤྱད་རྒྱུ་དང་། ལུག་དང་འབྲི་གཡག་མགོ་གྲངས་140000བཤས་གཏོང་རྩིས་ཡོད་པ་རེད།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
གྲི་གུ་གྲོང་རྡལ་གྱིས་གསར་གཏོད་རང་བཞིན་སྒོ་ནས་ འབྲོག་ཟོག་བྲིན་ཚོང་གི་ཐབས་ལམ་བཤམས་པ།
བསྡུས། འཕྲིན།
བཀྲ་ཤིས་ཕུན་ཚོགས་ཀྱིས་མཚོ་སྣ་རྫོང་དུ་ཆུ་བོའི་སྐོར་ཞིབ་དང་ཞིབ་བཤེར་ལས་དོན་སྤེལ་བ།