མི་དམངས་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། ཉེ་ཆར། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གནམ་རིག་ཁང་སྟེ་ལྷ་ས་གྲོང་ཁྱེར་དུ་གནས་པའི་བོད་ལྗོངས་གནམ་རིག་ཁང་སྐྲུན་འགོ་ཚུཌ་ཤིང་། 2024ལོའི་ཟླ་6པར་བསྐྲུན་ཐུབ་པ་བྱ་རྩིས་ཡོད་པ་རེད།
བོད་ལྗོངས་གནམ་རིག་ཁང་བསྐྲུན་རྗེས་ལོར་སྔོན་དཔག་བྱས་ན་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཐུབ་རྒྱུ་རེད། བོད་ལྗོངས་གནམ་རིག་ཁང་བསྐྲུན་རྗེས་འགྲེམས་སྟོན་དང་། གསོ་སྦྱོང་། ཚོད་ལྟ། གློག་བརྙན་སྟོན་པ། སྙན་ཞུའི་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་སྤྱི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཞུགས་ཐུབ་པ་དང་དང་ལེན་བྱེད་ཐུབ་པའི་གནམ་རིག་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས། སྤྱི་ཚོཌ་ཡོངས་སུ་ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་སྤྱི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་བ་སོཌ་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད།