第04版:藏区新闻 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年6月24日 星期
3 上一篇  下一篇 4 放大 缩小 默认
བོད་དུ་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དེ་བཞིན་ཁྲལ་རིན་འགྱངས་འཇལ་བཅས་བྱེད་ཚད་སྒོར་དུང་ཕྱུར་75.4འཕར་བ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་ལག་བསྟར་བྱས་ཚུན། ཟླ་6ཚེས་9ཉིན་བར། བོད་དུ་རིམ་རྩིས་བྱས་ན་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དེ་བཞིན་ཁྲལ་རིན་འགྱངས་འཇལ་བཅས་བྱེད་ཚད་སྒོར་དུང་ཕྱུར་75.4འཕར་ནས་ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་རོགས་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ལོ་སྟོད་དུ་སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་གསར་པ་དང་། ལྷག་པར་དུ་གཞི་ཁྱོན་ཆེ་བའི་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སྲིད་ཇུས་སྔར་བས་དོན་འཁྱོལ་བྱས་ཤིང་། ཟླ་4ཚེས་1ཉིན་ནས་ཟླ་6ཚེས་9ཉིན་བར། བོད་དུ་རིམ་རྩིས་བྱས་ན་ཁྲལ་སློག་དངུལ་སྒོར་དུང་ཕྱུར་69.16ཁྲལ་འཇལ་མཁན་གྱི་རྩིས་ཁྲར་ཕྱིར་སློག་བྱས་པ་དེ་ན་ནིང་ལོ་ཧྲིལ་པོའི་ཁྲལ་སློག་གཞི་ཁྱོན་གྱི་ལྡབ་4ལས་བརྒལ་བ་དང་། ཁྲལ་སློག་དངུལ་རག་པའི་ཁྲལ་འཇལ་བའི་ཁྲོད་ཕྲན་ཚེགས་ཁེ་ལས་ནི་སྔར་བཞིན་ཕན་པ་ཐོབ་མཁན་གཙོ་བོ་རེད།

བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་སི་ཡུང་པིན་གྱིས། ཟླ་6ཚེས་9ཉིན་བར། བོད་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་གསོག་འབོར་ཚབ་འཕྲིའི་ཁྲལ་དངུལ་གཅིག་སྡུད་ཕྱིར་སློག་གཞི་རྩའི་ཆར་ལེགས་གྲུབ་ཟིན་པའི་ཁྲོད། ཕྲན་ཚེཌ་ཁེ་ལས་ཀྱིས་བརྒྱ་ཆ92.6བཟུང་བ་དང་ཁྱོན་ཁྲལ་སློག་སྒོར་དུང་ཕྱུར་21.2ཟིན་པ་དེས་བརྒྱ་ཆ31.3བཟུང་ཡོད། སྡེབ་སྒྲིག་རྣམ་པའི་ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ཀྱིས་བྱེད་ཐབས་དངོས་ལ་བརྟེན་ནས་ཁེ་ལས་ཀྱི་འཁོར་རྒྱུག་མ་གནས་དམའ་རུ་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུར་རམ་འདེཌ་བྱས་ཡོད་ཅེས་བཤད་པ་རེད།

འབྱུང་འགྱུར་བོད་ཀྱིས་ད་དུང་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་སྲིད་ཇུས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་འགྱངས་འཇལ་གྱི་སྲིད་ཇུས་ལག་བསྟར་དང་། དེ་བཞིན་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཉུང་གཏོང་གི་སྲིད་ཇུས་ནང་དོན་རྒྱ་ཆེར་བཏང་ནས་བོད་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:藏区新闻
ཡིད་དབང་འཕྲོག་པའི་བོད་ལྗོངས།
བོད་དུ་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དེ་བཞིན་ཁྲལ་རིན་འགྱངས་འཇལ་བཅས་བྱེད་ཚད་སྒོར་དུང་ཕྱུར་75.4འཕར་བ།
བོད་ལྗོངས་གནམ་རིག་ཁང་སྐྲུན་འགོ་ཚུགས་པ།
མེ་ལོང་
《ཇོ་མོ་གླང་མའི་རུ་དཔོན》ཞེས་པའི་གློག་བརྙན་ཁྲེང་ཏུར་ཐོག་མར་བསྟན་པ།