第04版:社会焦点 上一版3
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཡང་བསྐྱར་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཞིང་ལས་རྒྱུ་ཆའི་ཁ་གསབ་སྤྲད་པ།
རང་རྒྱལ་གྱིས་2025ལོར་སླེབས་སྐབས་རིག་ལྡན་མཉམ་སྤྱོད་ཀྱི་གྲངས་འཛིན་སྡེ་ཁུལ་གསར་པ་རགས་ཙམ་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ།
སྲོག་ཆགས་ལ་གཅེས་འཛིན་བྱེད་
ཁེན་ནི་ཡའི་ནཱ་ཁུའུ་ལུའུ་ཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས།
| 山南网首页 |
2022年5月25日 星期
下一篇 4 放大 缩小 默认
ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100གཤམ་སྤྲོད་བྱས་པ།
ཡང་བསྐྱར་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཞིང་ལས་རྒྱུ་ཆའི་ཁ་གསབ་སྤྲད་པ།
 

མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཞིང་ལས་རྒྱུ་ཆའི་ཁྲོམ་རའི་རིན་གོང་འཕར་ཚུལ་དང་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100གཤམ་སྤྲོད་བྱས་ནས་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཞིང་ལས་རྒྱུ་ཆའི་ཁ་གསབ་སྤྲོད་པ་དང་དབྱར་བསྡུ་དང་སྟོན་འདེབས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་འཕར་བ་ལས་འབྲུ་རིགས་འདེབས་པའི་གཏོང་སྒོ་འཕར་བའི་ཤུགས་རྐྱེན་ཞི་ལྷོད་དུ་བཏང་ནས་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་སྔར་བས་འཕེལ་བ་བྱས་པ་རེད།

ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་ལ་སྲུང་སྐྱོང་བྱ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་འདི་ལོའི་ཟླ་3པར་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་དུང་ཕྱུར་200སྤྲད་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་པའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་ཁ་གསབ་སྤྲོད་ཡུལ་དེ་ཞིང་ལས་རྒྱུ་ཆའི་རིན་གོང་འཕར་བའི་མ་གནས་འཇལ་བའི་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པ་ཡིན་པ་དང་། དེའི་ནང་འགན་གཙང་བླངས་པའི་ས་ཞིང་འདེབས་མཁན་ཞིང་པ་དང་། བརྒྱུད་བཤུག་ས་ཞིང་འདེབས་མཁན་དུད་ཆེན། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་དང་དེ་བཞིན་འབྲུ་རིགས་རྨོ་འདེབས་བསྡུ་གསུམ་གྱི་བརྒྱུད་རིམ་ཧྲིལ་པོའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་མཁན་མི་སྒེར་དང་རྩ་འཛུགས་བཅས་ཚུད་ཡོད་ཅིང་། ཁ་གསབ་མ་དངུལ་དངོས་སུ་འབྲུ་རིགས་འདེབས་མཁན་གྱི་ལག་ཏུ་འབྱོར་བའི་འགན་ལེན་བྱས་ནས་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་མཐོ་རུ་གཏོང་རྒྱུ་རེད། ཁ་གསབ་ཀྱི་ཚད་གཞི་དེ་ས་ཁུལ་ཁག་གིས་འབྲེལ་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་བསྡུས་གཏན་འཁེལ་བྱེད་དགོས་པ་དང་རྩ་དོན་ཐོག་རྫོང་ཁོངས་ནང་གི་ཁ་གསབ་ཚད་གཞི་གཅིག་གྱུར་བྱེད་དགོས། ནོར་སྲིད་པུས་ས་གནས་ཁག་ལ་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བྱ་ཐབས་གང་ལེགས་སྤྱོད་པ་དང་ད་ཡོད་ཀྱི་འབྲེལ་ཡོད་ཁ་གསབ་སྤྲོད་པའི་རྨང་གཞིའི་གྲངས་གཞི་སྤྱད་དེ“གཱ་གཅིག་ཀུན་འཐུས”ཀྱི་བྱེད་ཐབས་མུ་མཐུད་སྤྱད་ནས་ཁ་གསབ་མ་དངུལ་དུས་ཐོག་ཏུ་གྲངས་ཚང་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
ཡང་བསྐྱར་དངོས་སུ་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཞིང་ལས་རྒྱུ་ཆའི་ཁ་གསབ་སྤྲད་པ།
རང་རྒྱལ་གྱིས་2025ལོར་སླེབས་སྐབས་རིག་ལྡན་མཉམ་སྤྱོད་ཀྱི་གྲངས་འཛིན་སྡེ་ཁུལ་གསར་པ་རགས་ཙམ་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ།
སྲོག་ཆགས་ལ་གཅེས་འཛིན་བྱེད་
ཁེན་ནི་ཡའི་ནཱ་ཁུའུ་ལུའུ་ཚེའུ་ཡི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས།