第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年5月25日 星期
3 上一篇 放大 缩小 默认
无标题
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་ལས་ཞུགས་བརྟན་དུ་གཏོང་བའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་ལས་གནས་རྒྱ་ཆེར་གཏོང་རྒྱུ་དམ་འཛིན་མཐའ་འཁྱོངས་ཀྱིས་རྩིས་ཐོ་ཅན་གྱི་ལས་ཞུགས་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་དང་ལས་གནས་འཚམ་མཐུན་ཡོང་བའི་འགན་ལེན་བྱས་པ། ངལ་རྩོལ་ནུས་ཤུགས་མང་འདུས་ཅན་དང་དངོས་གཉེར་ཅན་གྱི་ཁེ་ལས་ནང་འདྲེན་ཤུགས་ཆེན་བྱེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། ལྗོངས་ནང་ཁུལ་གྱི་ལས་ཞུགས་དང་ལྗོངས་ཕྱིའི་ལས་ཞུགས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ལྗོངས་ཕྱིའི་ལས་ཞུགས་ལ་འགག་སྒྲོལ་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་བ།

སྤུས་ཚད་མཐོར་གཏོང་དམ་འཛིན་བྱས་ནས་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། འབྲེལ་ཡོད་གསོ་སྦྱོང་སྒྲིག་འཛུགས་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་ཆེད་དོན་རྩལ་ནུས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་། དམངས་གཉེར་ཁེ་ལས། བྱ་ལས་སྡེ་ཚན་བཅས་ཀྱིས་སློབ་ཐོན་སློབ་མར་དངོས་སྦྱོང་གི་ལས་གནས་མཁོ་འདོན་བྱེད་པར་སྐུལ་སློང་ཧུར་ཐག་བྱས་པ།

ཁྲིད་སྟོན་ལ་དམ་འཛིན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་ཁེ་ལས་དང་། གཞི་རིམ། ལྗོངས་ཕྱི་རོལ་བཅས་སུ་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་དང་སྐུལ་སློང་བྱེད་པ། གསར་གཏོད་ལས་གཏོད་རྣམ་གྲངས་བང་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མས་གྲོང་གསེབ་ཡུལ་སྐོར་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན། དྲ་ཐོག་ཚོང་དོན་སོགས་ཁྱད་ལྡན་ཐོན་ལས་གསར་སྤེལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ།

ཞབས་ཞུའི་ལས་དོན་ལ་དམ་འཛིན་བྱས་ནས་ལས་བྱེད་པས་མཐོ་སློབ་སློབ་ཐོན་སློབ་མ་དང་འབྲེལ་བ་བྱེད་པའི་ལས་ཀའི་ལམ་སྲོལ་མུ་མཐུད་ཁྱབ་གདལ་བཏང་སྟེ་མཐོ་སློབ་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) སློབ་ཐོན་སློབ་མ་ལས་ཞུགས་ཐུབ་རྒྱུར་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རོགས་རམ་བྱེད་པ། དངོས་མིང་ཐོ་འགོད་དང་རྗེས་སྙེག་བཅར་འདྲི་བྱེད་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དོན་དངོས་གནས་ཚུལ་དང་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོའི་འགུལ་རྣམ་ཁོང་དུ་ཆུད་པ་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་མི་དང་ལས་གནས་དབར་གྱི་གནད་སྨིན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ།

འདེགས་སྐྱོར་ལ་དམ་འཛིན་བྱས་ནས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་པ་དང་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ལས་ཞུགས་ཁྲོམ་རའི་སྒྲིག་ལམ་གཙང་བཤེར་དག་ཐེར་མུ་མཐུད་བྱས་ནས་གདན་ཞུ་རྫུས་མ་དང་གླ་ཆ་འགྱངས་ཆད་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་་འགན་སྲུང་གང་ལེགས་ཡོང་བ་བྱེད་བཞིན་ཡོད་པ་རེད།

བསོད་ནམས་བསྟན་པས་བསྒྱུར།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
ཆུ་གསུམ་རྫོང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ།
བསྡུས། འཕྲིན།
ངེད་གྲོང་ཁྱེར་གྱིས་སྔར་སོང་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ལས་དོན་མཐའ་དག་ལ་སྐུལ་སྤེལ་གཏོང་བའི་བརྙན་ཤེལ་ཁ་པར་ཚོགས་འདུ་འཚོགས་པ།