འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། ངེད་གྲོང་ཁྱེར་གྱིས་སྔར་སོང་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ལས་དོན་མཐའ་དག་ལ་སྐུལ་འདེད་གཏོང་བའི་བརྙན་ཤེལ་ཁ་པར་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་གྱི་དག་ཐེར་ཡོ་བསྲང་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས་རྫོང་ངམ་ཆུས་ཁག་གི་དག་ཐེར་ཡོ་བསྲང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་ལྷག་པའི་གནད་དོན་དང་ཞན་ཆར་སྔར་བས་དབྱེ་ཞིབ་བྱས་ནས་དག་ཐེར་ཡོ་བསྲང་ལས་དོན་ལ་སླར་ཡང་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་གཙོ་སྐྱོང་དང་གསུང་བཤད་གནང་།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་དབང་ཧྭ་ཏུང་དང་། གྲོང་ཨུད་རྒྱུན་ཨུ། རྒྱུན་ལས་གྲོང་སྤྱི་གཞོན་པ་མོའུ་ཡུང་ཝུན། གྲོང་སྤྱི་གཞོན་པ་འཇམ་དགའ་དང་ཚེ་རིང་། ཕུན་ཚོགས་བཅས་ཚོགས་འདུར་ཞུགས།
ཚེ་རིང་ཕུན་ཚོགས་ཀྱིས་གསུངས་དོན། ནགས་ཚལ་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་
(པར་ངོས་གཉིས་པར་གཟིགས)
(པར་ངོས་དང་པོར་མཐུད) གནད་དོན་དག་ཐེར་ཡོ་བསྲང་ཡག་པོ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་མགྱོགས་སུ་གཏོང་བའི་ལྡོག་མེད་བླང་བྱ་ཞིག སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་བཅས་ཡིན་པས། རྫོང་ངམ་ཆུས་དང་ཚན་པ་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་གཏོང་གིས་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ཡོ་བསྲང་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཐོག དག་ཐེར་ཡོ་བསྲང་དོན་འཁྱོལ་མ་བྱས་ན་ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ་དང་། མི་དམངས་ལ་འགན་འཁྲི་མི་འཁུར་བའི་བསམ་བློ་བརྟན་པོ་འཛུགས་པ་དང་། གཏན་འཁེལ་ཟིན་པའི་དག་ཐེར་ཡོ་བསྲང་བྱ་ཐབས་བློ་རྩ་བརྟན་པོའི་ངང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ནུས་ཤུགས་གང་ཡོད་བཏོན་ནས་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཚེ་རིང་ཕུན་ཚོགས་ཀྱིས་ནན་བཤད་གནང་དོན། བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་དག་ཐེར་ཡོ་བསྲང་གི་ལས་དོན་ལ་ལྟ་སྟངས་ལེགས་པོ་འཛིན་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་དང་ཕྱོགས་བསྡུས་གཅིག་གྱུར་འཆར་འགོད་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དག་ཐེར་ཡོ་བསྲང་གི་ལས་དོན་ལ་དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་དགོས། དག་ཐེར་ཡོ་བསྲང་མཉམ་འགུལ་ཡོང་རྒྱུར་དམ་འཛིན་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། དག་ཐེར་ཡོ་བསྲང་གི་བྱ་ཐབས་བཅས་ལ་བརྟེན་ནས། ཕྱོགས་བསྡུས་གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འགུལ་མཉམ་ཤུགས་ཆགས་པར་བྱེད་པ། དག་ཐེར་ཡོ་བསྲང་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དག་ཐེར་ཡོ་བསྲང་གི་འགན་འཁྲི་མུ་མཐུད་ནན་པོ་འཁུར་ཏེ་རྫོང་ངམ་ཆུས་དང་ཚན་པ་ཁག་གི་བྱེད་པོའི་འགན་འཁྲི་དང་ཏང་སྲིད་ཀྱི་འགོ་ཁྲིད་ཨང་དང་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་འཁུར་ནས་དུས་བཀག་དང་ལས་འགན་གྲལ་བཤེར་དང་། རིགས་དབྱེ་དང་གནད་སྨིན་སྲིད་ཇུས། དབྱེ་ཞིབ་དང་ཞིབ་འཇུག ཚན་རིག་དང་མཐུན་པའི་འདུམ་འགྲིག་དང་ཐག་གཅོད། བཅོས་སྒྲིག་དང་སྐུལ་འདེད་བཅས་བྱས་ནས་གནད་དོན་ཆེ་གྲས་མི་ཐོན་པའི་སྔོན་འགོག་བྱེད་དགོས། སྒྲིག་ཁྲིམས་ལྟ་སྐུལ་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་དཔེ་མཚོན་ལ་དམ་འཛིན་བྱས་ཏེ་དག་ཐེར་ལས་དོན་དུས་བཀག་ལྟར་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། དག་ཐེར་ཡོ་བསྲང་གི་འགན་ལེན་ཇེ་ལེགས་སུ་གཏོང་བ་དང་འབྲེལ། མ་དངུལ་འགན་ལེན་དང་། དགོངས་སྐོར་དང་སྙན་ཞུ། འབྲེལ་གཏུག་དང་འབྲེལ་མཐུད་སོགས་ཀྱི་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་དག་ཐེར་ཡོ་བསྲང་ལ་རྒྱབ་སྐྱོར་དང་དག་ཐེར་ཡོ་བསྲང་གི་ལས་དོན་ཁག་ལ་སྐུལ་འདེད་མྱུར་པོ་གཏོང་དགོས།