第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年5月25日 星期
3 上一篇  下一篇 4 放大 缩小 默认
བསྡུས། འཕྲིན།
 

ཉེ་དུས། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བརྗེ་རེས་དང་རྩིས་སྤྲོད་རྩིས་ལེན་གྱི་ལས་ཀ་ཡོངས་སུ་ལེགས་གྲུབ་བྱུང་ཞིང་། གྲོང་ཚོར་བཅའ་སྡོད་རུ་མི་ཚོས་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཐུན་སྒྲིལ་ལས་སྒྲུབ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་དང་འབྲེལ་བ་ཆེ་ཤོས་ཡོད་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཟླ་4པ་ཚུན་དུ། ངེད་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་བཅོལ་དངུལ་ཁང་གི་ལས་སྟེགས་སྤྱད་དེ་ཐོབ་ཐང་ལེན་མཁན་37829ལ་རྒན་གསོའི་དངུལ་སྒོར་ཁྲི་951.88སྤྲད་པ་དེའི་ཐོག་ནས་ངེད་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཐེབས་རྩའི་དོ་དམ་སྔོན་ཐོན་ཅན་དུ་འགྱུར་བ་མཚོན་ཡོད།

ཉེ་དུས། གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུད་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭའི་རིག་གནས་མྱོང་ཚོར་བྱེད། མཛེས་སྡུག་ལྡན་པའི་ཡུལ་སྐོར་ལོངས་སུ་སྤྱོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བྱེད་སྒོ་དེ་སྦ་ར་ཁྲོམ་གཞུང་དུ་སྤེལ་བ།

ཉེ་དུས། གོང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཡར་ཀླུང་གཙང་པོའི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་དང་མི་རིགས་མཐུན་སྒྲིལ་གྱི་ཡར་ཀླུང་བྱ་སྤྱོད་ཞེས་པའི་བྱེད་སྒོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཉེ་དུས། ཆུ་གསུམ་རྫོང་དབང་སྐྱོན་ལྷན་ཚོགས་ཀྱིས་དབང་སྐྱོན་མི་སྣའི་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དབང་སྐྱོན་མི་སྣའི་ཁེ་དབང་འགན་ལེན་བྱེད་ཅེས་པ་བརྗོད་དོན་དུ་བྱས་པའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་བ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
ཆུ་གསུམ་རྫོང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ།
བསྡུས། འཕྲིན།
ངེད་གྲོང་ཁྱེར་གྱིས་སྔར་སོང་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ལས་དོན་མཐའ་དག་ལ་སྐུལ་སྤེལ་གཏོང་བའི་བརྙན་ཤེལ་ཁ་པར་ཚོགས་འདུ་འཚོགས་པ།