第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2022年5月25日 星期
下一篇 4 放大 缩小 默认
ཆུ་གསུམ་རྫོང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆུ་གསུམ་རྫོང་གིས་གྲོང་ཚོའི་ལས་བྱེད་པའི་རིག་གནས་བྱང་ཚད་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། རྫོང་དེས་གཞི་རིམ་འཐབ་ཕྱོགས་དང་པོའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས། གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་། ཏང་ཡོན་གྱི་སྲོལ་བཟང་གསོ་སྐྱོང་། མི་རིགས་བར་མཉམ་འདྲེས་བཅས་ཕྱོགས་གསུམ་གྱི་ཐད་ནས་སྦྱོང་སྤྱོད་ཐབས་ལམ་གསར་གཏོད་དང་ཤུགས་སྣོན་བརྒྱབ་པ་རེད།

གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་བ། གསར་བརྗེའི་གླུ་དབྱངས་སྦྱོང་བ་དང་། གསར་བརྗེའི་གློག་བརྙན་ལྟ་བ། གསར་བརྗེའི་སྦྱར་ཡིག་འབྲི་བ། གསར་བརྗེའི་གསུང་རབ་སྙན་ཚིག་བློར་འཛིན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གྲོང་ཚོའི་ལས་བྱེད་པར་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་རང་སྲོག་བློས་གཏོང་བའི་ཞུམ་མེད་འབད་འཐབ་ཀྱི་སྙིང་སྟོབས་མྱོང་ཚོར་གཏིང་ཟབ་ཐུབ་པ་བྱས་པ་དང་། ཅི་གྲོལ་མོས་གྲོལ་བྱེད་ཞོར་དུ་སྤྱི་ཚོགས་རིང་ལུགས་ལྟེ་བའི་རིང་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་སྦྱོང་ཧུར་ཐག་བྱས་ནས། སློབ་སྦྱོང་གི་ཡིད་དབང་འགུག་ཤུགས་དང་། དུས་རབས་རང་བཞིན། དེ་བཞིན་དངོས་སྤྱོད་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ཡོད། མིག་སྔའི་བར། ཆུ་གསུམ་རྫོང་གིས་སླར་ཡང་ཏང་ལ་གླུ་ཞིག་ལེན་ཞེས་པ་སོགས་གསར་རྗེའི་གླུ་གཞས་གཏོང་བའི་བྱེད་སྒོ་ཐེངས་82སྤེལ་བར་མི་ཐེངས་910ལྷག་ཙམ་ཟིན་ཡོད། ཚན་པ་11གིས་ཏང་འཛུགས་སྐྱོང་གི་བྱ་གཞག་རླབས་པོ་ཆེ་ཞེས་པ་སོགས་ཀྱི་གསར་བརྗེའི་གློག་བརྙན་བལྟས་ཅིང་། བསྡོམས་རྩིས་བྱས་ན་ཁྱོན་བྱེད་སྒོ་སྤེལ་ཐེངས་18དང་མི་ཐེངས་642ལྷག་རྩམ་ཟིན་ཡོད་པ་རེད།

དཔེ་སྟོན་སྣེ་ཁྲིད་འབུར་ཐོན་ཡོང་བ་བྱས་ཏེ་ཏང་ཡོན་གྱི་སྲོལ་བཟང་སྐྱེད་སྲིང་བྱས་པ། རྒྱ་ཆེའི་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱས་ཏེ། ཏང་ཡོན་གྱི་རྒྱང་ཁྲིད་སློབ་གསོའི་ས་ཚིགས་དང་། གྲོང་ཚོ་ཨུ་ལྷན་གྱི་རླུང་འཕྲིན་ས་ཚིགས། དེ་བཞིན་སྐད་འཕྲིན་སོགས་ཀྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས། ཞིང་འབྲོག་མང་ཚོགས་ཚོས་ཏང་གི་མཛད་ཕྱོགས་དང་ལམ་ཕྱོགས་སྲིད་ཇུས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་སོགས་སློབ་སྦྱོང་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཐོག ཤེས་བྱ་རྟོགས་ཚད་ཟམ་མི་ཆད་པར་མང་དུ་བཏང་ཡོད། དེ་དང་ཆབ་ཅིག གསར་དར་སྨྱན་སྦྱོར་ཁག་གཅིག་བེད་སྤྱོད་ཡག་པོ་བྱས་ཏེ། དྲ་ཐོག་མཚན་མོའི་སློབ་གྲྭ་གཉེར་བ་དང་། སློབ་སྦྱོང་ལག་བདེ་བཟོ་བ། སློབ་སྦྱོང་བྱེད་པའི་ལམ་སྲོལ་ཁག་དོན་འཁྱོལ་བཅས་བྱས་ནས། རིགས་གཞུང་ཀྱི་བསམ་བློར་དྲག་ཆས་སྤྲོད་པར་སྔར་བས་ཤུགས་སྣོན་བརྒྱབ་ཏེ། བློ་གཅིག་སེམས་གཅིག་གིས་ཏང་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་སྲོལ་བཟང་རྒྱུན་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཟླ་4པ་ནས་བཟུང་། རྫོང་དེས་རྒྱང་ཁྲིད་སློབ་གསོའི་ས་ཚིགས་ཀྱི་སློབ་སྦྱོང་བྱེད་སྒོ་ཐེངས་46སྤེལ་བ་དང་མི་ཐེངས་160ལྷག་ཟིན་པ། གཅིག་སྡུད་ལས་སྒྲུབ་ཉིན་མོའི་བྱེད་སྒོ་ཐེངས་55སྤེལ་བ་དང་མི་ཐེངས་269ཟིན་པ། ཏང་དམངས་ཉིན་མོའི་བྱེད་སྒོ་ཐེངས་21སྤེལ་བ་དང་རིག་མི་འདྲ་བའི་གསོ་སྦྱོང་ཐེངས་5གཉེར་བ་རེད།

སློབ་སྦྱོང་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་བར་མཉམ་འདྲེས་ཡོང་བ་བྱས་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་མཉམ་འགུལ་རྣམ་པ་སྤྱད་དེ། གྲོང་ཚོ་ཁག་གིས་གཟའ་འཁོར་རེ་དང། རྫོང་གིས་དུས་ཚིགས་རེ་བྱས་ཏེ་གྲོང་ཚོའི་ལས་བྱེད་པར་བྱ་དགའ་ཡོད་པའི་སློབ་སྦྱོང་བྱེད་སྒོ་ཐེངས་རེ་སྤེལ་བ་དང་། ལོ་མཇུག་ཏུ་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་སྒོ་ཐེངས་རེ་སྤེལ་བ་སོགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བའི་ཆ་རྐྱེན་བཏོད་ཡོད། དེ་དང་ཆབས་ཅིག རྫོང་ཨུད་རྩ་འཛུགས་པུའུ་དང་། ཤང་དང་གྲོང་རྡལ་ཁག་གིས་གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་དུས་ཐོག་ཏུ་གསོ་སྦྱོང་གི་ནང་དོན་ཁོང་དུ་ཆུད་པ་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད། ཟླ་4པ་ནས་བཟུང་། ཤང་དང་གྲོང་རྡལ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་འགྲན་བསྡུར་བྱེད་སྒོ་ཐེངས་5སྤེལ་བ་དང་། གྲོང་ཚོ་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱེད་སྒོ་ཐེངས་15སྤེལ་ནས། གྲོང་ཚོའི་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་སེམས་ཤུགས་འཕེལ་བ་བྱས་ཡོད།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会焦点
ཆུ་གསུམ་རྫོང་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱས་པ།
བསྡུས། འཕྲིན།
ངེད་གྲོང་ཁྱེར་གྱིས་སྔར་སོང་ནགས་ཚལ་ལྟ་སྐུལ་ཞིབ་བཤེར་དང་ལྡོག་འདྲེན་གྱི་གནད་དོན་དག་ཐེར་ལས་དོན་མཐའ་དག་ལ་སྐུལ་སྤེལ་གཏོང་བའི་བརྙན་ཤེལ་ཁ་པར་ཚོགས་འདུ་འཚོགས་པ།