ཉེ་བའི་ལོ་ཤས་རིང། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྤེལ་ཕྱིར། མཚོ་སྣ་རྫོང་གིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདི་ཉིད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཁག་ཁྲོད་ཁྱབ་པ་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཟུང་འབྲེལ་ཡག་པོ་བྱས་ཐོག སྲིད་གཞུང་གིས་གཙོ་ཁྲིད་དང་ཕྱོགས་ཁག་གིས་ཞུགས་པ། མཉམ་འཛིན་སྤྱི་སྒྲུབ། དོན་འཁྱོལ་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཁོར་ཡུག་མི་སེམས་སུ་ཟུག་པ་དང་བྱ་སྤྱོད་ཁྲོད་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མཚོ་སྣ་རྫོང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཡུན་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པ་དང་། རྫོང་ཨུད་དང་སྲིད་གཞུང་གི་ལོ་འཁོར་མོའི་གཙོ་གནད་ལས་དོན་ཁྲོད་བཞག་ནས་བཀོད་སྒྲིག་བྱས་པ་རེད། “ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཡོད་ཅིང་། 2018ལོ་ནས་བཟུང་། རིམ་རྩིས་བྱས་པར་གཞིགས་ན་རྫོང་ཨུད་རྒྱུན་ཨུད་སོགས་ཀྱི་ཚོགས་འདུ་ཐེངས་26འཚོགས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་། ཚོགས་འདུ་གལ་ཆེན། ཡིག་ཆ་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་སོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ས་ཡུལ་དངོས་སུ་བཅའ་སྡོད་བྱས་ཏེ་ས་ཁོངས་འགན་གཙང་རྣམ་པའི་ཐོག་ནས་ལྟ་སྐུལ་མཛུབ་་སྟོན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། ཤང་ངམ་གྲོང་རྡལ་ཁག་དང་། མཛེས་ལྗོངས་ཁུལ། རྣམ་གྲངས་ཨར་སྐྲུན་ས་ཚིགས་བཅས་སུ་ཟབ་འཇུག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་འགན་འཁྲི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད་པ་རེད། བསམ་བློ་འཛུགས་སྐྱོང་ལ་སྣང་ཆེན་བྱས་ནས་སྐྱེ་ཁམས་ཤེས་དཔལ་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཆེད་དོན་གསོ་སྦྱོང་སློབ་ཁྲིད་ཀྱི་ནང་དོན་ནང་བཅུག་པ་དང་། སྔ་རྗེས་སུ་འགོ་ཁྲིད་ལས་བྱེད་པ་མི་ཐེངས་115སྒྲིག་འཛུགས་བྱས་ནས་ཀྲེ་ཅང་སློབ་ཆེན་དང་། ཝུའུ་ཧན་སློབ་ཆེན། སི་ཁྲོན་སློབ་ཆེན་སོགས་མཐོ་སློབ་ཀྱིས་གཉེར་བའི་འབྲེལ་ཡོད་གསོ་སྦྱོང་ཐེངས་26ནང་ཞུགས་པས། འགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཤེས་དཔལ་དང་ཁོར་ཡུག་སྲུང་སྐྱོང་གི་བསམ་བློའི་ངོས་འཛིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
ཐོག་མཐའ་བར་གསུམ་དུ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ།“ཁུལ་གསུམ་དང་མཐོ་ས་གཅིག”དང“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་དྲུག་སླེབས་དགོས་པ”འཛུགས་གཏོད་བྱ་རྒྱུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་འཛུགས་གཏོད་བྱ་རྒྱུའི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱ་ཐབས་མུ་མཐུད་ཤུགས་ཆེན་སྤེལ་ནས་སྐད་འཕྲིན་སྤྱི་སྟེགས་དང་། འཁྱུག་དབྱིངས་བརྙན་ལམ་སོགས་ཀྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག་དྲིལ་བསྒྲགས་ངོ་སྤྲོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ། “6·5”འཛམ་གླིང་ཁོར་ཡུག་ཉིན་མོ་དང་ཟླ་8པའི་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ།“དམངས་ཀྱི་ཆེད་དུ་དངོས་དོན་སྒྲུབ་པའི་”ལག་ལེན་བྱེད་སྒོ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སོགས་གོ་སྐབས་སུ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ “སྐྱེལ་བ་བདུན་”དང་། “གཤམ་སྤེལ་ལྔ”སོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དང་། ཆུ་ལམ་གཙང་སེལ། མཛེས་ལྗོངས་ཁུལ་ལེགས་གཏོང་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཤུགས་ཆེན་སྤེལ་ཡོད། 2018ལོ་ནས་བཟུང། མཚོ་སྣ་རྫོང་གིས་རིམ་རྩིས་བྱས་པར་གཞིགས་ན་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཆེད་དོན་མ་དངུལ་སྒོར་ཁྲི་50ལྷག་ཙམ་བཏང་བ་དང་། མི་ཐེངས་2000ལྷག་ཙམ་བཏང་སྟེ་དྲིལ་བསྒྲགས་སློབ་གསོ་ལག་ལེན་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་བ་མ་ཟད། རིགས་མི་འདྲ་བའི་དྲིལ་བསྒྲགས་དཔྱད་གཞི་དང་དྲིལ་བསྒྲགས་དངོས་པོ་ཁྲི་3ལྷག་ཙམ་སྤྲད་པ། ལྟེབ་བརྩེགས་བརྒྱབ་ཐུབ་པའི་ཆུ་ཟོམ་དང་ཕྱག་མ་སོགས་ཁོར་ཡུག་སྲུང་སྐྱོང་གི་དངོས་རྫས་5000ལྷག་ཙམ་སྤྲད་པ། མང་ཚོགས་ལ་སློབ་གསོ་ཐེབས་ཚད་མི་ཐེངས་ཁྲི་4ལྷག་ཙམ་ཟིན་པ་བཅས་བྱས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མངོན་གསལ་དོད་པོས་མི་སེམས་སུ་ཟུག་ཐུབ་པ་བྱུང་ཡོད་པ་རེད།
ཐོག་མཐའ་བར་གསུམ་དུ་སྡོད་མལ་ཁོར་ཡུག་ལ་ལེགས་བཅོས་བྱས་པ། གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་ཤུགས་ཆེན་སྤེལ་བ་དང་། གྲོང་གསེབ་ཀྱི་སྡོད་ཁང་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་གང་ལེགས་བྱས་ནས“གཙང་སེལ་དྲུག་དང་ལེགས་བཅོས་དྲུག”དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མཐོར་གཏོང་གི“ལེགས་པོ་ལྔ་དང་ཕུལ་བྱུང་ལྔའི”མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཆུང་གྲས་ཀྱི་དཔྱད་བསྡུར། སྡོད་མལ་ཁོར་ཡུག་33355སོགས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། སྡོད་ཁང་རྒྱབ་མདུན་གྱི་ས་ཆ་སྟོང་པའི་ཐོག་ཁང་པ་གང་བྱུང་དུ་རྒྱག་པ་དང་། ཞིང་འཕྲུལ་ཡོ་བྱད་གང་བྱུང་བཞག་པ། དེ་བཞིན་གད་སྙིགས་འགྱིག་ཤོག་གཙང་སེལ་བྱེད་པ། ཆུ་རྫིང་དང་ཆུ་ཡུར་བཅོས་སྒྲིག་སོགས་ཀྱི་གནད་དོན་གཙོ་གནད་ཐག་གཅོད་བྱས་པ། “གསང་སྤྱོད་གསར་བརྗེར”ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དུད་ཚང་ཁག་གི་གསང་སྤྱོད་4022ལ་སྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”ནོར་སྲིད་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་9.8སྤྲད་པ། གྲོང་གསེབ་ཏུ་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་བརྒྱ་ཆ་89.32ཟིན་པ་བཅས་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་མ་ལག་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་གད་སྙིགས་བསྡུ་རུབ་དང་། དབོར་འདྲེན། གད་སྙིགས་ས་སྦས་བཅས་ཁྱོན་ཡོངས་ལ་ཁེབས་པ་བྱས་པ། མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་འཛུགས་སྐྲུན་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་སོགས་ཀྱི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་སྲིད་འཛིན་གྲོང་ཚོ་24ཡི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་53འཛུགས་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་ཟིན་ཏེ། མང་ཚོགས་དུད་ཚང་2856དང་མི་གྲངས་8696ལ་ཕན་པ་ཐོབ་པ། ནགས་ཚལ་མུའུ་ཁྲི་6.3འདེབས་གསོ་བྱས་པ་དང་། འོས་འགན་ཤིང་འཛུགས་ནགས་བཟོའི་སྡོང་རྐང་ཁྲི་32བཙུགས་ཟིན་ཐོག མང་ཚོགས་ཀྱི་བསམ་བློ་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བསམ་བློར་གཞན་སྐུལ་ནས་རང་འགུལ་དུ་འགྱུར་ཡོད་པ་རེད།