第01版:头版 4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
2022ལོའི་རང་ལྗོངས་ཀྱི་ཚོགས་འདུ་གཉིས་ ཀྱི་དུས་ཚོད་གཏན་འཁེལ་བྱས་ཟིན་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲ་ནང་རྫོང་དུ་ རྟོག་ཞིབ་དང་སྒྲོག་འགྲེལ་གནང་བ།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བོད་ཡུན་རིང@
རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ།
ཚེ་རིང་ཕུན་ཚོགས་ཀྱིས་རིག་གནས་བྱ་གཞག་ འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།
| 山南网首页 |
2021年12月17日 星期
3 上一篇 放大 缩小 默认
ཚེ་རིང་ཕུན་ཚོགས་ཀྱིས་རིག་གནས་བྱ་གཞག་ འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།
 

​ འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཚེ་རིང་ཕུན་ཚོགས་ཀྱིས་སྔ་རྗེས་སུ་གྲོང་ཁྱེར་རིག་གནས་ཅུད་དང་མང་ཚོགས་སྒྱུ་རྩལ་ཁང་དང་། སྒྱུ་རྩལ་ཚོགས་པ་སོགས་སུ་ཕེབས་ནས། ལས་དོན་སྙན་ཞུ་གསན་པ་དང་ངེད་གྲོང་ཁྱེར་གྱི་རིག་གནས་བྱ་གཞག་འཕེལ་རྒྱས་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་རེད། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཛུགས་སྤེལ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མདུན་གྲལ་དུ་སྐྱོད་པའི་ཁྲོད་རིག་གནས་སྔོན་ལ་ལག་བསྟར་བཅས་བྱས་ནས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་གསོག་འཇོག་བྱེད་དགོས་པའི་བླང་བྱ་བཏོན་གནང་།

མང་ཚོགས་སྒྱུ་རྩལ་ཁང་དང་སྒྱུ་རྩལ་ཚོགས་པ་སོགས་སུ། ཚེ་རིང་ཕུན་ཚོགས་ཀྱིས་སྤྱི་པའི་རིག་གནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། ཁོང་གིས། སྤྱི་པའི་རིག་གན ས་སྒྲིག་བཀོད་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ་ནི་རིག་གནས་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་བ་སྔར་བས་ལེགས་སུ་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མཐའ་མའི་འགག་གནད་སྒྲོལ་བ། སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་པའི་རིག་གནས་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བེད་སྤྱོད་དང་སྤྱི་པའི་རིག་གནས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་ཚན་པ་ཁག་གིས་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་དང་རིག་གནས་གཡུལ་ས་སྲ་བརྟན་དུ་གཏོང་བ་དང་བསམ་བློའི་མཉམ་ཤུགས་གོང་བུར་སྒྲིལ་བའི་མཐོ་ཚད། རིག་གནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བའི་སྤྱི་པའི་རིག་གནས་ཞབས་ཞུའི་དགོས་མཁོ་སྔར་ལས་ལྷག་པར་བསྐོང་ཐབས་བྱེད་པའི་མཐོ་ཚད་བཅས་ཀྱི་ཐོག་ནས་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་དེ་རིག་གནས་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འདེགས་སྐྱོར་ལས་གྲྭར་བརྩིས་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་བརྒྱུད་རིམ་ལྡན་པའི་ཇུས་འགོད་བཀོད་སྒྲིག་དང་གཅིག་གྱུར་འཆར་འགོད་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་དགོས།ཚེ་རིང་ཕུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་ཚུན་ངེད་གྲོང་ཁྱེར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་དང་། ཁོང་གིས། བསམ་པའི་ལོངས་སྤྱོད་ནི་ཐུན་མོང་ཕྱུག་འགྱུར་གྱི་བརྗོད་གཞིའི་ནང་དོན་ཡིན་པས། ངེས་པར་དུ་འཐབ་ཇུས་ཀྱི་མིག་རྒྱང་འཛུགས་པ་དང་། མ་ལག་གི་འདུ་ཤེས་ཆེ་རུ་གཏོང་བ། འགོ་འཛུགས་ས་གསར་པར་གཞི་ཚུགས་པ། བྱས་རྗེས་གསར་པ་མངོན་པ་བཅས་བྱས་ཏེ་ཆུ་ཚད་མཐོ་པོའི་ཐོག་ནས་རིག་གནས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མདུན་གྲལ་དུ་བསྐྱོད་དེ་དཔལ་འབྱོར་གྱི་སྟོབས་ཤུགས་དངོས་དང་འཚམ་པའི་རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་གཏོད་དགོས། ཡར་ཀླུང་གི་ཕུལ་བྱུང་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱེད་པ་དང་། རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཏན་ཏིག་སྐོང་དགོས། རིག་གནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་གནས་ཐོན་རྫས་གསར་རྩོམ་བྱེད་པར་སྔར་བས་དོ་སྣང་ཆེན་པོ་བྱས་ཏེ། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་མང་དུ་ཐོན་པ་དང་བརྩམས་ཆོས་སྤུས་ལེགས་མང་ཙམ་འདོན་དགོས།རིག་གནས་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་རྒྱུར་སྔར་བས་སྣང་ཆེན་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། རིག་གནས་དང་ཡུལ་སྐོར་གྱི་གསར་དར་ལས་རིགས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ། ལྷོ་ཁའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་རིག་གནས་དང་ཡུལ་སྐོར་གྱི་ཁྱད་ལྡན་སྤུས་རྟགས་གཏོད་དགོས་པའི་ནན་བཤད་གནང་།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:精神解读
2022ལོའི་རང་ལྗོངས་ཀྱི་ཚོགས་འདུ་གཉིས་ ཀྱི་དུས་ཚོད་གཏན་འཁེལ་བྱས་ཟིན་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲ་ནང་རྫོང་དུ་ རྟོག་ཞིབ་དང་སྒྲོག་འགྲེལ་གནང་བ།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བོད་ཡུན་རིང@
རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ།
ཚེ་རིང་ཕུན་ཚོགས་ཀྱིས་རིག་གནས་བྱ་གཞག་ འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།