第01版:头版 4下一版
 
版面导航

第01版
头版

第02版
专版

第03版
综合新闻
 
标题导航
2022ལོའི་རང་ལྗོངས་ཀྱི་ཚོགས་འདུ་གཉིས་ ཀྱི་དུས་ཚོད་གཏན་འཁེལ་བྱས་ཟིན་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲ་ནང་རྫོང་དུ་ རྟོག་ཞིབ་དང་སྒྲོག་འགྲེལ་གནང་བ།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བོད་ཡུན་རིང@
རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ།
ཚེ་རིང་ཕུན་ཚོགས་ཀྱིས་རིག་གནས་བྱ་གཞག་ འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།
| 山南网首页 |
2021年12月17日 星期
3 上一篇  下一篇 4 放大 缩小 默认
སྣ་དཀར་རྩེ་དང་མཚོ་སྨད་རྫོང་གིས།
རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ།
 

​ འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། སྣ་དཀར་རྩེ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཉིན་མོའི་གོ་སྐབས་དང་བསྟུན་ནས། ཉེ་དུས་སྤེལ་བཞིན་པའི་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན། དེ་བཞིན་ལྷོ་ཁ་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་ལེན་བསྟར་བ་བཅས་དང་ཟུང་འབྲེལ་བྱས་ཐོག འདབ་ལུང་སྡེ་ཁུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་ལེན་གཏིང་ཟབ་བྱ་རྒྱུ་ནང་དོན་གཙོ་བོར་བྱས་པའི་མཐའ་མཚམས་སུ་རིག་གནས་དར་ཞེས་པའི་རིགས་གཞུང་དང་རིག་རྩལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་། རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་རིགས་གཞུང་སྒྲོག་འགྲེལ་དང་བླངས་པ། རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་སྒྲོག་འགྲེལ་པ་བུ་ཆུང་གིས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན། དེ་བཞིན་གྲོང་ཁྱེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་དགོངས་དོན་བཅས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་ཚང་མས་ནན་གཏན་ངང་སྒྲོག་འགྲེལ་ཉན་པ་རེད།

དེ་རྗེས། རིག་རྩལ་བྱེད་སྒོ་དེ་སྤྲོ་སྣང་དོད་པའི་འགོ་ཚུགས་ཞབས་བྲོ་གངས་ལྗོངས་བསྟོད་གླུ་ཞེས་པའི་ཁྲོད་འགོ་ཚུགས་ཤིང་། ལུས་ལ་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་རིག་གནས་རིག་རྩལ་དང་བླངས་པ་ཚོས་གར་སྟེགས་ཐོག་བྲོ་འཁྲབ་པ་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཏང་དང་། མེས་རྒྱལ། ཕ་ཡུལ་བཅས་ལ་བཅངས་པའི་བརྩེ་སེམས་དང་སྨོན་འདུན་བཟང་པོ་མཚོན་པ་བྱས་ཡོད། འཁྲབ་སྟོན་ནང་ཡར་འབྲོག་བུ་ཕྲུག་གིས་སེམས་པ་ཏང་ལ་ཕྱོགས་ཞེས་པ་དང་ཞབས་བྲོ་ཡར་འབྲོག་གཞས་ཆེན་ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པར་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་མ་ཟད། ས་གནས་ས་ཐོག་གི་མང་ཚོགས་ཚོས་ད་དུང་ལག་ཐོགས་ཁ་པར་འཁྱེར་ནས་ངོ་མཚར་ཆེ་བའི་ལྟད་མོ་རེ་རེ་པར་ལེན་བྱས་ཏེ་རང་ཉིད་ཀྱི་གཉེན་ཉེ་དང་གྲོགས་པོ་ཚོར་མཉམ་སྤྱོད་ཀྱང་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། དུས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་རིགས་གཞུང་སྲིད་ཇུས་དང་། རིག་གནས་རིག་རྩལ། སྨན་བཅོས་འཕྲོད་བསྟེན་། གཞོན་ནུ་དང་བླངས་པ། དེ་བཞིན་འཆལ་རྡུང་ལོག་སེལ་གཞུང་དོན་ཁང་སོགས་ཀྱི་དང་བླངས་ཞབས་ཞུའི་རུ་ཁག་13ཁག་སོ་སོས་བློ་འདྲིའི་ཞབས་ཞུའི་སྟེགས་བུ་བཙུགས་ཏེ། ས་གནས་ས་ཐོག་ཏུ་བློ་འདྲི་དང་ལེན་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དཔེ་དེབ་དང་དྲིལ་བསྒྲགས་ལག་རྟགས་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཅིག་བསྡུས་དྲིལ་བསྒྲགས་སློབ་གསོའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བློ་འདྲི་དང་། ཚན་རིག་ཁྱབ་གདལ་གྱི་སློབ་གསོ། ཐོན་སྐྱེད་བདེ་འཇགས། ཞིང་རྩལ་ཤེས་བྱ། དེ་བཞིན་བུད་མེད་ཀྱི་ཁེ་དབང་འགན་སྲུང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་དང་སྦྲགས། ད་དུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་བཀག་སྡོམ་ཉི་ཤུ། དེ་བཞིན་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་སྲོལ་ཡིག་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་སློབ་གསོ་ཐོབ་མཁན་གྱི་མང་ཚོགས་མི་གྲངས་200ལྷག་ཙམ་ཟིན་པ་དང་། དྲིལ་བསྒྲགས་ལག་དེབ་3000ལྷག་དང་། ཨ་ཅོར་200 པང་གདན་1500 ཆུ་དམ་100 ལག་ཁུག་400བཅས་སྤྲད་པ་རེད།

ཉེ་དུས། མཚོ་སྨད་རྫོང་གིས་མཐའ་མཚམས་སུ་རིག་གནད་དར་ཞེས་པའི་རིག་གཞུང་དང་། རིག་རྩལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས། ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་མཐར་ཕྱིན་བྱེད་པའི་བྱེད་སྒོ་དེ་མཚོ་སྨད་གྲོང་རྡལ་བཞོར་ར་གྲོང་ཚོར་སྤེལ་བ་རེད།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་སྤེན་སྒྲོན་གྱིས་རང་ཉིད་ཚོགས་འདུར་ཞུགས་པའི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། འདས་ཟིན་པའི་ལོ་ལྔའི་ནང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྩ་ཆའི་ཉམས་མྱོང་ལ་དམིགས་ཏེ། སླད་ཕྱིན་ལོ་ལྔའི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་འབད་འཐབ་དམིགས་ཚད། དེ་བཞིན་སླད་ཕྱིན་ལོ་ལྔའི་ནང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གཙོ་གནད་ལས་དོན་སོགས་ཀྱི་ནང་དོན་ལ་མཐའ་སྐོར་ནས། གོ་བདེ་ཤེས་སླ་བའི་སྐད་ཆའི་ཐོག་ནས་རང་སྐྱོང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་རྒྱུས་མངའ་དེ་བས་ཟབ་པ་བྱུང་ཡོད། ཞིང་འབྲོག་མང་ཚོགས་ལ་ཚན་རིག་ལ་ཡིད་ཆེས་དང་། རིག་གནས་དང་རྩལ་ནུས་སྦྱོང་བ། རང་འགུལ་ངང་ཆོས་ལུགས་ཐད་འཛད་སྤྱོད་མཐོ་པོ་བྱེད་རྒྱུ་གཏན་འགོག་བྱས་ནས་སྐྱོན་ཕྲལ་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ཐོག་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱུང་བ་རེད།

སྒྲོག་འགྲེལ་མཇུག་འགྲིལ་རྗེས། རྫོང་རིག་གནས་རིག་རྩལ་དང་བླངས་ཞབས་ཞུ་རུ་ཁག་གིས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས། གྲོང་མི་ཚོར་ངོ་མཚར་ཆེ་བའི་རིག་གནས་སྟོན་མོ་ཞིག་བཤམས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་100ལྷག་ཙམ་སྤྲད་པ་རེད།

ལོ་ཡག་མཚམས་གཅོད་ཀྱིས་བསྒྱུར།

① འདི་ནི་སྣ་དཀར་རྩེའི་རིག་རྩལ་དང་བླངས་པ་ཚོས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

② འདི་ནི་རིགས་གཞུང་སྒྲོག་འགྲེལ་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ།

③ འདི་ནི་མང་ཚོགས་ཚོས་ལག་ཐོགས་ཁ་པར་བརྒྱུད་ངོ་མཚར་ཆེ་བའི་རིག་རྩལ་པར་ལེན་བྱེད་བཞིན་པ།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:专版
   第03版:综合新闻
   第04版:精神解读
2022ལོའི་རང་ལྗོངས་ཀྱི་ཚོགས་འདུ་གཉིས་ ཀྱི་དུས་ཚོད་གཏན་འཁེལ་བྱས་ཟིན་པ།
ཚེ་རིང་ཕུན་ཚོགས་ཀྱིས་གྲ་ནང་རྫོང་དུ་ རྟོག་ཞིབ་དང་སྒྲོག་འགྲེལ་གནང་བ།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་བོད་ཡུན་རིང@
རིག་རྩལ་སྟོན་མོ་བཤམས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ།
ཚེ་རིང་ཕུན་ཚོགས་ཀྱིས་རིག་གནས་བྱ་གཞག་ འཕེལ་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བ།