第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ངེད་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་དང་ ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།
ངེད་གྲོང་ཁྱེར་གྱིས་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས།
| 山南网首页 |
2021年10月18日 星期
3 上一篇 放大 缩小 默认
ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས།
 

ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་མདོ་ཡུལ་གྲོང་ཚོར་སྐྱོད་ཚེ། ཉམས་དགའ་བའི་བ་གམ་རེ་རེ་དང་སྒོ་འགྲམ་བར་ཤར་གཏོང་ཐུབ་པའི་མཁྲེགས་སྒྱུར་ལམ་རེ་རེ་བརྒྱུད་སྐབས། གྲོང་ཚོའི་མཐའ་བཞིའི་མཛེས་ལྗོངས་ལས་ཡིད་དབང་རབ་ཏུ་འཕྲོག

མདོ་ཡུལ་གྲོང་ཚོ་ནི། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ཤར་མཚམས་གཞོང་ཆུ་རྒྱུག་ཁུལ་གྱི་རོང་སར་གནས་ཤིང་། ས་བབ་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ཀྱི་སྨི་3100ཡོད་པ་དང་། ཡུལ་མི་དག་ནི་ལྷོ་པ་རིགས་དང་བོད་རིགས་ལས་གྲུབ་པ། ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་མངའ་ཁོངས་སུ་གཏོགས། མདོ་ཡུལ་གྲོང་ཚོའི་བརྒྱ་ཆ་90ཡན་ནི་ལྷོ་པ་རིགས་ཡིན་པས། ངེད་གྲོང་ཁྱེར་གྱི་ལྷོ་པ་རིགས་གཅིག་སྡུད་ཆེ་བའི་གྲོང་ཚོ་ཡུལ་ལྷན་གཅིག་པུ་དེ་ཡིན་པ་རེད།

དོན་གྲུབ་ནི་མདོ་ཡུལ་ལྷོ་པ་རིགས་ཡིན་ལ་ལྷུན་རྩེ་རྫོང་ལྷོ་པ་མི་རིགས་ཤང་ལྷོ་ཡུལ་འབྱུང་འཕྲོད་ཞིང་ཟོག་མཉམ་ལས་ཁང་གི་འགན་འཁུར་བ་ཞིག་རེད། དོན་གྲུབ་ཀྱིས་བརྗོད་དོན། 2017ལོར་མཉམ་ལས་ཁང་བཙུགས་ཚུན། ཚོང་ཉིན་རེ་ལས་མི་འདས་པར་ཡག་ཏུ་ཡག་ཏུ་རེད་ཤག མཉམ་ལས་ཁང་གི་ཁོངས་མིའི་གྲས་སུ་ལྷོ་པ་རིགས་དང་བོད་རིགས་ཡོད། ཚང་མས་མཐུན་སྒྲིལ་ངང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་འདུག ལས་ཞོར་ཚང་མས་ཇ་འཐུང་གིན་ཅི་གྲོས་མོལ་གྲོས་བྱེད་བཞིན། ཁྱིམ་ཚང་གཅིག་གི་མི་ལྟར་ཕན་ཚུན་བརྩེ་བ་ཟབ་མོ་ཡོད། མཉམ་ལས་ཁང་གི་དོན་དག་ཐག་གཅོད་ཐུབ་རྗེས། དོན་གྲུབ་ཀྱིས་ཁྱིམ་ལ་ལོག་སྟེ་བཟའ་ཟླ་དང་མཉམ་དུ་རང་སྒེར་གྱིས་གཉེར་བའི་ཁྱིམ་ཚང་མགྲོན་ཁང་ལ་གཙང་སྦྲའི་ལས་ཀར་གཞོལ། ཁོང་གིས་བརྗོད་དོན། ད་ལྟའི་ཆར། གྲོང་ཚོའི་ནང་སྐྱེ་ཁམས་ཡུལ་སྐོར་དང་ལྷོ་པ་རིགས་ཀྱི་དམངས་སྲོལ་ཡུལ་སྐོར་གྱི་ལན་པར་བཏོད་ནས་གང་སར་གྲགས་པས། ཡུལ་སྐོར་དུས་ཚིགས་ནང་ཉིན་ལྟར་ལྗོངས་རྒྱུ་བ་ཁག་གསུམ་བཞི་སྡེབ་ལ་མྱོང་རོལ་བྱེད་པར་སླེབས་ཀྱི་འདུག

བདེ་སྡོད་བྱུང་ན་གཞི་ནས་ལས་བརྩོན་ཐུབ། དེ་བས་བདེ་སྡོད་ལས་བྱུང་བའི་དམངས་ཕྱུག་ཕན་འབྲས་ཅི་ཡོད་མདོ་ཡུལ་གྲོང་ཚོའི་ནང་མངོན་གསལ་འབུར་ཐོན་འདུག མདོ་ཡུལ་སྐྱེ་ཁམས་ཤེས་དཔལ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་སྐུལ་སྤེལ་བཏང་བ་དང་བསྟུན། མདོ་ཡུལ་གྲོང་ཚོའི་མང་ཚོགས་ཀྱིས་ཁྱིམ་གཞིས་གསར་པའི་ནང་འཚོ་བ་ཉིན་རེ་ལས་མི་འདས་པར་ཡག་ཏུ་ཡག་ཏུ་སོང་ཡོད།

2019ལོར། དོན་གྲུབ་ཀྱིས་མདོ་ཡུལ་གྲོང་ཚོའི་ནང་ཁྱིམ་ཚང་མགྲོན་ཁང་ཨང་དང་པོ་གཉེར་ཞིང་། ཁྱིམ་ཚང་མགྲོན་ཁང་ལས་བྱུང་བའི་ཁེ་སྤོགས་གང་མང་རག་རྗེས། ཁོང་གིས་གྲོང་ཚོའི་ནང་གི་བོད་རིགས་དང་ལྷོ་པ་རིགས་ཀྱི་མང་ཚོགས་ཚོར་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་སྐུལ་མ་བཏང་བ་རེད། ཁོང་གིས་བརྗོད་དོན། ད་ལྟའི་ཆར་གྲོང་ཚོའི་ནང་ཐེམ་དུད་སྒོ་གྲངས་4ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད། མགྲོན་ཁང་གི་བཀོད་པར་གཞིགས་ན་བོད་ལུགས་ཡོད་ལ་ལྷོ་པའི་ལུགས་ཀྱང་ཡོད། ཁྱིམ་ཚང་མགྲོན་ཁང་གཉེར་བ་བརྒྱུད་སྡོད་ཁང་གི་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་སོང་ཡོད་ལ་མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་སྣོན་ཐུབ་ཡོད།

དམངས་གཉེར་མགྲོན་ཁང་གཉེར་བས། ཤང་གྲོང་ཡུལ་སྐོར་གྱི་དཔལ་འབྱོར་འཕེལ་རྒྱས་དང་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་པ་དང་། ད་དུང་གྲོང་གསེབ་ཀྱི་སྡོད་ཁང་གསར་སྐྲུན་དང་གྲོང་ཚོ་ཁོར་ར་ཁོར་ཡུག་ལེགས་བཅོས་ཐད་ཚད་ལྡན་བྱུང་བ་མ་ཟད། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་སྐུལ་འདེད་ཐུབ་ཡོད། འདི་གར་ཡུལ་སྐོར་ལ་ཡོང་མཁན་ཚོས་ལྷོ་པ་རིགས་ཀྱི་འཛུགས་སྐྲུན་བཀོད་པར་དགའ་པོ་བྱེད་ཀྱི་འདུག རྟག་པར་ང་ཚོར་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཤེས་བྱའི་སྐོར་ལ་སྐད་ཆ་མང་པོ་དྲིས་ཀྱི་འདུག ད་དུང་དྲན་རྟེན་ཆེད་དུ་ལྷོ་པ་རིགས་ཀྱི་ཚབ་མཚོན་དངོས་ཟོག་ཁ་ཤས་ཉོས་ནས་འགྲོ་གི་འདུག་ཅེས་དོན་གྲུབ་ཀྱིས་དེ་ལྟར་གླེང་།

ལྷོ་པ་རིགས་ལ་ལྷོ་པའི་གྲི་བཤད་དང་། ལྷོ་པའི་གྱོན་ཆས། དམངས་ཁྲོད་ཤོད་རྒྱུན་སོགས་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་རིག་གནས་མང་དག་ཡོད་ཅིང་། དེའི་ཁྲོད། ལྷོ་པའི་གྱོན་ཆས་དེ་ཉིད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་གཏོགས་པ་གཏན་འཁེལ་བྱུང་ཡོད།

རྒྱགས་གཡུ་ཆུང་བ་ནི་མདོ་ཡུལ་གྲོང་ཚོའི་ལྷོ་པའི་གྱོན་ཆས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་ལག་རྩལ་རྒྱུན་འཛིན་མི་སྣ་རེད། ཁོ་པ་ལོ་ན་12གསོན་ཙམ་ནས་ལྷོ་པའི་གྱོན་ཆས་འཚེམ་བཟོ་བསླབ་ཅིང་། ལོ་ན་15གསོན་དུས་ལྷོ་ཞྭ་དང་། སྐྲ་རྒྱན། ཚེམས་དྲུག་ལྷམ་ཟོན་པ་སོགས་ལྷོ་པའི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཚེམས་བཟོའི་ལས་ཀར་བྱང་ཆུབ་པ་ཆགས། ལོ་མང་རིང་། རྒྱགས་གཡུ་ཆུང་བས་སྔ་རྗེས་སུ་ལྷོ་པའི་གྱོན་ཆས་ཚེམས་བཟོའི་རྒྱུན་འཛིན་པ་3གསོ་སྐྱོང་བྱས་ཡོད་པ་དང་། གྲོང་ཚོའི་ནང་གི་བུད་མེད་30ལྷག་ལྷོ་པའི་གྱོན་ལས་ལས་སྣོན་ལས་ཀར་བཞུགས་རྒྱུར་ཁྲིད་སྐུལ་བྱས་ཡོད། 2008ལོར་རྒྱགས་གཡུ་ཆུང་བ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་ལྷོ་པའི་གྱོན་ཆས་ཚེམས་བཟོའི་རྒྱུན་འཛིན་མི་སྣའི་གྲས་སུ་བདམས་པ་རེད།

ང་ལ་དགེ་ཕྲུག་གསུམ་ཡོད། ཁོང་ཚོའི་ཁྲོད་བོད་རིགས་ཡོད་ལ་ལྷོ་པ་རིགས་ཀྱང་ཡོད། གསུམ་ག་གཞུང་དྲང་ཞིང་སྤྱང་གྲུང་འཛོམས་པས་ག་རེ་བསླབ་ཀྱང་ཤེས་ཀྱི་འདུག ནམ་རྒྱུན་ག་རེ་མ་ཤེས་ཀྱང་ང་ལ་དྲིས་ཀྱི་འདུག ངའི་བསམ་བློར་ཁོང་མོ་ཅག་གིས་ང་ནང་བཞིན་མངོན་མིན་རིག་གནས་ཤུལ་བཞག་དེ་རྒྱུན་འཛིན་དར་སྤེལ་ཡག་པོ་བྱས་ཏེ། སྔར་བས་མང་བའི་མིས་ལག་རྩལ་འདི་སྦྱངས་ཐུབ་པ་དང་། མི་རིགས་རིག་གནས་དང་མི་རིགས་མཐུན་སྒྲིལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་འདུན་པ་འཆང་བཞིན་ཡོད་ཅེས་རྒྱགས་གཡུ་ཆུང་བས་དེ་ལྟར་གླེང་།

མདོ་ཡུལ་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གྲོང་སྡོད་ལས་དོན་ས་ཚིགས་རེད། གྲོང་སྡོད་ལས་དོན་རུ་ཁག་གིས་ལས་བྲེལ་ཆེ་བའི་དཀྱིལ་ནས་ཁོམ་པ་བཙལ་ནས་གྲོང་ཁྱིམ་ལ་བཅར་བའམ་གཅིག་སྡུག་ཐོག་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱེད་ཀྱི་ཡོད་པ་རེད།

གྲོང་སྡོད་ལས་དོན་རུ་ཁག་དང་མདོ་ཡུལ་གྲོང་ཚོའི་གྲོང་མིའི་ཐུན་མོང་འབད་བརྩོན་འོག འདི་ལོའི་ཟླ་6པར། མདོ་ཡུལ་གྲོང་ཚོ་འདི་ཉིད་ལྷུན་རྩེ་རྫོང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྡེ་ཚན་ལ་བདམས་ཐོན་བྱུང་བ་རེད།

ལྷོ་པ་རིགས་ཀྱི་ཁྱད་ཆོས་ཐོན་པའི་བ་གམ་ནང་སྐྱོད་ཚེ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་རིན་ཆེན་པ་སངས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིའི་སྣེ་ཁྲིད་དེ་གྲོང་མིའི་ཁྱིམ་ལ་བཅར་ནས་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྲོལ་ཡིག་སྒྲོག་འགྲེལ་བྱེད་སྒང་རེད། གྲོང་མི་ཚོས་སྒྲོག་འགྲེལ་ནན་ཏན་ངང་ཉན་གྱིན། མཚམས་མཚམས་སུ་ད་དུང་ཟིན་བྲིས་མི་བརྗེད་པར་རྒྱག་བཞིན་མཆིས།

གྲོང་སྡོད་ལས་དོན་སྤེལ་ཚུན། ང་ཚོས་དུས་ངེས་མེད་ནང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་སྒྲོག་འགྲེལ་བྱས་ཏེ། མི་རིགས་མ་གཅིག་པའི་གྲོང་མིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ལས་དོན་སྐོར་གྱི་སྲིད་ཇུས་མཛད་ཕྱོགས་ལ་རྒྱུས་མངའ་དང་། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ལྡན་པའི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་རྒྱུན་མཐུད་བཏང་ཡོད། ལས་ཞོར་ཁོམ་དུས་སུ་ང་ཚོས་གྲོང་སྡོད་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ཏེ། མི་རིགས་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་བརྒྱུད། རུ་མི་ཚོས་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་གཟི་བརྗིད་ལས་འགན་འདུ་ཤེས་ཟབ་གཏོང་ཟམ་མི་ཆད་པ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད་ཅེས་རིན་ཆེན་པ་སངས་ཀྱིས་དེ་ལྟར་གླེང་།

ཏང་གི་མི་རིགས་སྲིད་ཇུས་ཀྱི་དྲོ་སྐྱིད་འོག མདོ་ཡུལ་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་དབར་གྱི་ཞི་མཐུན་མཉམ་གནས་དང་སྐྱིད་སྡུག་མཉམ་མྱོང་། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུ་ཤེས་མི་སེམས་ལ་ཟུག་པ་བྱས་ཡོད། མདོ་ཡུལ་གྲོང་ཚོར་མི་རིགས་ཁག་དབར་ཕན་ཚུན་འབྲེལ་འདྲིས་མཉམ་འདྲེས་བྱུང་ཞིང་། མི་རིགས་ཁག་དབར་གྱི་ཕན་ཚུན་སློབ་སྦྱོང་དང་། བརྩི་བཀུར། མྱོང་རོལ་བཅས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་པ་རྩོམ་བཞིན་མཆིས་སོ།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:党史知识
ངེད་གྲོང་ཁྱེར་གྱིས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་དང་ ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།
ངེད་གྲོང་ཁྱེར་གྱིས་སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འབྱོར་ཕྱུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱས།