མཚོ་སྨད་རྫོང་གིས་གྲོང་ཚོ་གྲོང་ལྷན་དང་། འབྲོག་ས། ལས་ཡུལ་བཅས་ལ་བསྐྱོད་དེ་ཏང་གི་མི་རིགས་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་མཐའ་འཁྱོངས་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་གི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་འཆར་ཅན་ངང་གཞི་རིམ་གྱི་ལས་བྱེད་པ་དང་དང་བླངས་པ་སྒྲིག་འཛུགས་ཀྱིས“རྩྭ་རར་སྒྲོག་འགྲེལ”བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་སྟེ་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་རྒྱུན་ཆད་མེད་པར་འགྱུར་བ་བྱས་ཡོད། འདི་ནི་དང་བླངས་པས་འབྲོག་སའི་མང་ཚོགས་ལ་སྒྲོག་འགྲེལ་བྱེད་བཞིན་པ།