第04版:社会焦点 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
2021ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་རྩེ་གྲ་500 ཡི་བང་རིམ་ཁྱབ་བསྒྲགས་བྱས་པ།
བོད་བྱང་ཐང་གི་སྟོན་བསྡུའི་སྟོན་འབབ།
སྐྱེས་པའི་སྨི་3000གི་བཀག་བརྒལ་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་ལ་དངུལ་གྱི་རྟགས་མ་ཐོབ་པ།
རང་ལྗོངས་ཀྱི་བདམས་ཐོན་པ་22རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ནང་ཞུགས་པ།
| 山南网首页 |
2021年9月29日 星期
下一篇 4 放大 缩小 默认
2021ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་རྩེ་གྲ་500 ཡི་བང་རིམ་ཁྱབ་བསྒྲགས་བྱས་པ།
 

མི་དམངས་ཉིན་རེའི་ཚགས་པརཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧུའུ་ནན་ཁྲང་ཧྲ་རུ་2021ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་བང་རིམ་ཁྱབ་བསྒྲགས་བྱས་པ་རེད། ཧྭ་ཝེ་མ་འཇོག་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་དང་། ཅིང་ཏུང་ཚོགས་པ། ཧེང་ལི་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་ལ་སླེབས་ཡོད།

དེ་ཉིན་ཁྱབ་བསྒྲགས་བྱས་པའི《2021ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་བརྟག་ཞིབ་སྙན་ཞུའི》(གཤམ་དུ《སྙན་ཞུ》ཞེས་བསྡུ་རྒྱུ)ནང་། 2020ལོར་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་ནང་ཞུགས་པའི་ཚད་གཞི་དམའ་ཤོས་དངུལ་འབོར་སྒོར་དུང་ཕྱུར་235.01ཡིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་32.97འཕར་ཡོད། ནང་སའི་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་གྲས་ནས་ཁེ་ལས་31འཛམ་གླིང་གི་ཁེ་ལས་རྩེ་གྲ་500ཡི་གྲས་སུ་ཚུད་ཡོད། ཧྭ་ཝེ་མ་འཇོག་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི་སྒོར་དུང་ཕྱུར་8913.68ཀྱི་ཚོང་གཉེར་ཡོང་འབབ་ཀྱི་གཞི་ཁྱོན་ཐོག་ནས་ལོ་དྲུག་བསྟུད་མར་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་ཨང་དང་པོ་དང་བཟོ་སྐྲུན་ལས་རིགས་ཀྱི་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་ཨང་དང་པོ་བླངས་པ་རེད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཙམ་ཟིན་པའི་ཁེ་ལས་98ཡོད་པ་དེ་ལོ་གོང་མ་ལས་18འཕར་ཡོད་ཅེས་འཁོད་ཡོད།

《སྙན་ཞུའི》ནང་འཁོད་དོན། བང་རིམ་ནང་ཚུད་པའི་དམངས་གཉེར་ཁེ་ལས་ཀྱི་སྤྱི་ཡོངས་ཀྱི་དམིགས་ཚད་མང་པོ་མུ་མཐུད་ལེགས་སུ་འགྲོ་བཞིན་པ་དང་། དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་ཡོད། 2020ལོར་ཀྲུང་གོའི་དམངས་གཉེར་ཁེ་ལས་རྩེ་གྲ་500ཡི་ཚོང་གཉེར་ཡོང་འབབ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་35.12ཟིན་ནས་བརྒྱ་ཆ16.39འཕར་བ་དང་། རྒྱུ་ནོར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་50.73ཟིན་ནས་བརྒྱ་ཆ37.25འཕར་བ། ཁྲལ་འཇལ་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.36ཟིན་པ་དེས་རྒྱལ་ཡོངས་ཁྲལ་བསྡུའི་བསྡོམས་འབོར་གྱི་བརྒྱ་ཆ8.84བཟུང་བ། ལས་མིའི་བསྡོམས་གྲངས་ཁྲི་1109.11ཟིན་ནས་བརྒྱ་ཆ6.26འཕར་བ་དེས་རྒྱལ་ཡོངས་ཀྱི་ལས་ཞུཌ་མི་སྣའི་བརྒྱ་ཆ1.48བཟུང་ཡོད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
2021ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་རྩེ་གྲ་500 ཡི་བང་རིམ་ཁྱབ་བསྒྲགས་བྱས་པ།
བོད་བྱང་ཐང་གི་སྟོན་བསྡུའི་སྟོན་འབབ།
སྐྱེས་པའི་སྨི་3000གི་བཀག་བརྒལ་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་ལ་དངུལ་གྱི་རྟགས་མ་ཐོབ་པ།
རང་ལྗོངས་ཀྱི་བདམས་ཐོན་པ་22རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་ནང་ཞུགས་པ།