第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཞུས་ཁྲེང་ཚང་གིས་གོང་དཀར་དང་སྣ་དཀར་རྩེ།ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་བ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།
| 山南网首页 |
2021年9月29日 星期
3 上一篇  下一篇 4 放大 缩小 默认
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱིའི་ལས་ཚབ་ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་གཙོ་སྐྱོང་སྐོང་འཚོགས་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཧོང་ཏ་ཉན་ལྟ་བུའི་དགེ་རྒན་ཚོགས་པའི་འཐུས་མིར་སྤྲིངས་པའི་ཡིག་ལན་གྱི་དགོངས་དོན། ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད། རྒྱལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་དང་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་འདུའི་དགོངས་དོན། ལྗོངས་ཏང་ཨུད་རྒྱུན་ཨུད་ཚོགས་འདུ་དང་གྲོང་ཨུད་རྒྱུན་ཨུད་ཚོགས་འདུ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུས་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་ཡུས་ལིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ངེད་གྲོང་ཁྱེར་གྱི་གཏེར་ཁའི་ཐོན་ལས་ལྗང་མདོག་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་བཅོས་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱ་རྒྱུའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལེ་དབར་ཁྲི་ཡི་སྐྱེ་ཁམས་བར་ཁྱམས་དང་སྒོར་དུང་ཕྱུར་བརྒྱའི་ཐོན་ལས་བར་ཁྱམས་མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས་ཀྱིས་སྣོད་བཅུད་དང་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་བྱ་རྒྱུའི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ལ་གོ་བ་ལེན་ནས་སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་ཀྱི་ཁྲོད་དུ་དངོས་སུ་མཚོན་པར་བྱེད་དགོས། སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ་དང་། མི་དམངས་ཀྱི་བློ་ལ་བབ་པའི་སློབ་གསོ་ལེགས་པོར་གཉེར་དགོས། ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དུས་བབ་སྟངས་འཛིན་དང་། དམིགས་ཚད་ལས་འགན་ལ་དམིགས་པ། གནད་སྨིན་དབྱེ་ཞིབ་དང་བརྡར་ཤ་བཅད་པ། ཐབས་ཇུས་དང་གྲོས་འགོ་འདོན་པ། ཕན་ཡོད་ཀྱི་དུས་ཚོད་དམ་འཛིན་བྱས་ནས་མགྱོགས་མྱུར་དམ་འཛིན་བཅས་བྱས་ཏེ་ལོ་ལྔ་ཚན་བཅུ་བཞི་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་གོམ་སྟབས་ཡག་པོ་སྤོ་རྒྱུ་འགན་ལེན་བྱེད་དགོས། སྲིད་ཇུས་ལ་དོ་སྣང་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་ངལ་རྩོལ་མང་འདུས་ཅན་གྱི་ལས་རིགས་ཀྱི་མ་དངུལ་འདུ་འཁོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འབྲེལ་མཐུད་དང་དོན་འཁྱོལ་བཅས་བྱས་ནས་ཉེན་ཁ་འགོག་པ་དང་རང་གིས་རང་འཕེལ་རྒྱས་གཏོང་བའི་ཁེ་ལས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དངོས་གཉེར་ཅན་དང་། འབྲེལ་མཐུད་མཐུན་སྦྱོར། དོན་འཁྱོལ་ལ་སྐུལ་འདེད་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ་སྔོན་ལ་ཇུས་འགོད་དང་འབྲེལ་མཐུད་བྱས་ནས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ངོ་མ་ཐོན་རྒྱུའི་འགན་ལེན་བྱས་ཏེ་ལྷོ་ཁའི་ཞིང་ལས་དང་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ཞུས་ཁྲེང་ཚང་གིས་གོང་དཀར་དང་སྣ་དཀར་རྩེ།ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་བ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།