第01版:头版 4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
ཞུས་ཁྲེང་ཚང་གིས་གོང་དཀར་དང་སྣ་དཀར་རྩེ།ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་བ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།
| 山南网首页 |
2021年9月29日 星期
下一篇 4 放大 缩小 默认
ཞུས་ཁྲེང་ཚང་གིས་གོང་དཀར་དང་སྣ་དཀར་རྩེ།ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9པའི་ཚེས་26ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གོང་དཀར་དང་། སྣ་དཀར་རྩེ། ལྷོ་བྲག་སོགས་རྫོང་གི་གཞི་རིམ་འཐབ་ས་མདུན་མར་ཟབ་འཇུག་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་དང་། བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན། དེ་བཞིན་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པ་དར་མ་དང་གཞོན་ནུའི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་བཅས་སྒྲོག་འགྲེལ་གནང་བ་དང་འབྲེལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་། ཤང་གྲོང་དར་རྒྱས། སྡོད་མལ་ཁོར་ཡུག་བཅོས་སྒྲིག མཐའ་འཇགས་གནས་སྤོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་རྟོག་ཞིབ་གནང་བ་རེད། གྲོང་ཨུད་རྒྱུན་ཨུ། དྲུང་ཆེ་ཧོ་ཕེ་ཡིས་རྟོག་ཞིབ་ནང་ཕེབས་རོགས་ཞུས།

གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་གནས་གསར་གྲོང་ཚོའི་ཉེ་འཁོར་དུ། ཞུས་ཁྲེང་ཚང་གིས་ཞིང་ནང་ངལ་རྩོལ་བྱེད་བཞིན་པའི་བགྲེས་སོང་སྤེན་པ་དང་བཟའ་ཟླ་གཉིས་དང་མཛའ་བརྩེའི་གླེང་མོ་གནང་ཞིང་། ཁྱིམ་གྱི་ཡོང་འབབ་འགྲོ་གྲོན་དང་། ས་ཞིང་ཐོན་སྐྱེད་ཁེ་ཕན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་། བགྲེས་སོང་གིས་གསུངས་དོན། ད་ལྟའི་འཚོ་བ་བདེ་ཞིང་སྐྱིད་པ་འདུག རེ་བ་གཞན་དག་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞུས་ཁྲེང་ཚང་གིས་གསན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་མ་ཟད། ཁོང་ཚོ་ནང་མི་ཚང་མའི་འཚོ་བ་ཉིན་རེ་ལས་མི་འདས་པར་ཡར་རྒྱས་ཡོང་རྒྱུར་སྨོན་འདུན་ཞུས་གནང་།

ཕུ་ནུ་གྲོང་ཚོར། ཞུས་ཁྲེང་ཚང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་སྐྱེད་སྲ་བརྟན་གཏོང་རྒྱུ་དང་ཤང་གྲོང་དར་རྒྱས་གཉིས་འབྲེལ་མཐུད་ནུས་ལྡན། དེ་བཞིན་མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་གནང་། ཁོང་གིས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོ་ཨུད་གཉིས་ཀྱི་དཔུང་ཁག་ཚན་པའི་ཁོངས་མིར་མངགས་བཅོལ་གནང་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་དང་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན། དེ་བཞིན་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་བྱེད་པ་དར་མ་དང་གཞོན་ནུའི་གསོ་སྦྱོང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་ནན་ཏན་སྒོས། དེའི་ཁྲོད་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་ཐབས་ཤེས་དག་རྒྱུས་མངའ་ཐུབ་པ་ནས་ལག་ལེན་ནང་བསྟར་ནས་གཞི་རིམ་ལས་དོན་སྤེལ་བའི་ཁྲོད་འཕྲད་པའི་དངོས་ཡོད་གནད་དོན་དང་དཀའ་ཁག་ཐག་གཅོད་ཐུབ་རྒྱུར་སྐུལ་སྤེལ་གཏོང་དགོས། སློབ་སྦྱོང་ལ་བརྩོན་འགྲུས་དང་འཇོན་ཐང་སྐྱེད་བསྲིང་ཡག་པོ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་ཐབས་ལམ་དེར་རྒྱུས་མངའ་ཏན་ཏིག་ཐུབ་པ་བྱས་ཏེ། གཞི་རིམ་དུ་ཟབ་འཇུག་གིས་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱེད་དགོས། མི་དམངས་ལྟེ་བར་བཟུང་བའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ལ་སྣེ་ཁྲིད་ནས་སེམས་ནུས་ཡོད་རྒུས་དམངས་ཀྱི་སེམས་ཁྲལ་དང་རེ་སྒུག་གནད་དོན་ཐག་གཅོད་ཡག་པོས་མང་ཚོགས་ཀྱི་བློ་གཏད་བཅོལ་སའི་མི་ཞིག་བྱེད་དགོས།

སྟོན་ཁའི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་ཉི་འོད་དྲོ་ཞིང་འཇམ། མང་ཚོགས་ཀྱིས་སྒོ་ཕྱུགས་ཀྱི་དགུན་རྩྭ་གྲབས་གསོག་ཆེད་བརྔ་བསྡུའི་དུས་ཚིགས་ལ་འཁེལ། ཞུས་ཁྲེང་ཚང་གིས་སྟོང་རྭ་ཤང་ཡུལ་ཆོས་གྲོང་ཚོར་ཕེབས་ཤིང་། བརྔ་བསྡུའི་ལས་ལ་བྲེལ་བའི་མང་ཚོགས་ཁྲོད་བསྐྱོད་ནས་ཚང་མ་དང་མཉམ་དུ་དགུན་རྩྭ་བརྔ་བསྡུའི་ལས་ལ་ཞུགས་ཀྱིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་སྒྲོག་འགྲེལ་ཞོར། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་མངའ་ཆ་ཚང་བ་གནང་།

མུའུ་གཅིག་ནས་དགུན་རྩྭ་ཇི་ཙམ་བརྔ་བསྡུ་བྱེད་ཐུབ། འདི་ལོ་ཁྱིམ་ལ་ཡོང་འབབ་ཡག་ལོས་འདུག་གམ། འདི་ལོ་ཕྱི་ཕྱོགས་སུ་ཞོར་ལས་དུས་ཡུན་རིང་ལོས་ཕྱིན་པ་ཡིན། ཟོན་འདྲེན་རླངས་འཁོར་མཁོ་སྒྲུབ་ལ་དངུལ་ག་ཚོད་བཏང་ཡོད་དམ། ཐག་གཅོད་དགོས་ངེས་ཀྱི་ཚང་མའི་དཀའ་ཁག་གང་དག་ཡོད་དམ། ཞེས་ཞུས་ཁྲེང་ཚང་གིས་ལས་ཀར་གཞོལ་ཞོར་ཚང་མ་དང་མཉམ་དུ་ཅི་གྲོས་མོལ་གྲོས་གནང་། མཛའ་བརྩེའི་བཀའ་མོལ་དེ་དག་ལས་མང་ཚོགས་ཀྱི་སྐད་མཛོད་སྒོ་ཕྱེ་བ་ནང་བཞིན། ཁྱོད་ཀྱིས་དེ་བཤད་རྗེས་ངས་འདི་གླེང་བའི་རྣམ་པའི་ཐོག་ནས་ཞུས་ཁྲེང་ཚང་ལ་གྲོང་ཚོའི་གནས་ཚུལ་ངོ་སྤྲོད་བྱས། ཚང་མས་ཞུས་ཁྲེང་ཚང་ལ་བརྗོད་དོན། ད་ལྟའི་ཆར། ཚང་མའི་འཚོ་བ་སྐྱིད་ཐག་ཆོད་རེད། སྡོད་ཁང་སྐྱིད་པ། ཐེམ་པ་མང་པོས་ཟོག་འདྲེན་རླངས་འཁོར་མཁོ་སྒྲུབ་བྱས་ནས་ལས་གཞི་འགན་གཙང་དང་ཟོག་འདྲེན་ལས་ཀར་གཞོལ་བཞིན་ཡོད། ཚང་མའི་རེ་སྒུག་ཆེ་ཤོས་ནི་སྔ་ཙམ་ནས་གྲོང་ཚོའི་ནང་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་དེ་རེད།

ཞུས་ཁྲེང་ཚང་གིས་ཚང་མའི་སེམས་གཏམ་ངང་རྒྱུད་རིང་མོས་གསན་པ་རེད། ཞུས་ཁྲེང་ཚང་གིས་ཚང་མར་གསུངས་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་དམིགས་ཡུལ་གལ་ཆེན་ཞིག་ནི། ཏང་ཡོན་ལ་སློབ་གསོ་ཐེབས་པ་དང་མང་ཚོགས་ལ་དངོས་ཕན་ཐོབ་པ་བྱ་རྒྱུ་དེ་རེད། གྲོང་ཨུད་ཀྱིས་དོན་དེར་མཐོང་ཆེན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྦྱོང་སྤྱོད་ཟུང་འབྲེལ་ཐུབ་རྒྱུར་སྣང་ཆེན་བྱས་ཡོད་པ་དང་། ངས་མང་ཚོགས་ཆེད་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོར་སྐུལ་སྤེལ་ཤུགས་ཆེན་བརྒྱབ་ནས་གནད་དོན་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་དཀའ་ཁག་གནད་དོན་དང་མང་ཚོགས་སེམས་ཁྲལ་ཐག་གཅོད་བྱེད་རྒྱུའི་བླང་བྱ་བཏོན་ཡོད། རིམ་ཁག་ཚན་པས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་རྩ་དོན་སེམས་ལ་བརྟན་པོར་ངེས་ཏེ། མི་དམངས་མང་ཚོགས་དང་མཉམ་དུ་བསམ་གཞིགས་དང་མཉམ་དུ་ལས་དོན་སྤེལ་ནས་དམངས་འཚོའི་བྱ་བ་དངོས་གཉེར་སྒྲུབ་ཡག་པོ་བྱེད་དགོས།

སྣ་དཀར་རྩེ་རྫོང་གྲམ་མདའ་ཤང་བར་མདོ་གྲོང་ཚོ་སོགས་སུ། ཞུས་ཁྲེང་ཚང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་འབབ་འཕར་རྒྱུན་བསྲིང་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཕྱོགས་ཡོངས་ནས་ཤང་གྲོང་དར་རྒྱས་ལ་སྐུལ་སྤེལ་གཏོང་བའི་འགག་རྩ་གཅིག་ཡིན་པས། མང་ཚོགས་འབབ་འཕར་ཆེད་མིའི་འགན་འཁུརལམ་ལུག་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། ཞིང་འབྲོག་མང་ཚོགས་ཚོས་ཕྱི་ཕྱོགས་སུ་ཞོར་ལས་སུ་སྐྱོད་རྒྱུར་ཐབས་ལམ་འཚོལ་ཞིབ་དང་སྟེགས་བུ་བསྐྲུན་རོགས་བྱས་ནས་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འགྱུར་བ་མི་གཏོང་བ་བཞིའི་བླང་བྱ་གཞིར་བཟུང་། རོགས་སྐྱོར་སྲིད་ཇུས་ཀྱི་སྤྱི་ཡོངས་བརྟན་ལྷིང་རང་བཞིན་རྒྱུན་བསྲིང་བྱས་ཏེ། མུ་མཐུད་ནས་དབུལ་པོ་བསྐྱར་ལོག་དང་དབུལ་པོའི་མི་འབོར། དེ་བཞིན་ཡོང་སྒོ་དམའ་བའི་མི་འབོར་བཅས་ཀྱི་འགུལ་རྣམ་ལྟ་ཞིབ་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་ཐོག་བསམ་བློ་མི་འཛོལ་བ་དང་། ལས་དོན་མི་རྙོག་པ། དཔུང་ཁག་ཁ་འཐོར་མེད་པ། ལས་སྒྲུབ་ངར་ཤུགས་མི་ཆག་པ་བཅས་ལ་འགན་ལེན་བྱེད་དགོས། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། སྔར་བས་མང་བའི་མང་ཚོགས་དེའི་ནང་རྒྱ་ཆེར་ཞུགས་རྒྱུར་ཁྲིད་སྟོན་གྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

ལྷོ་བྲག་རྫོང་དུ། ཞུས་ཁྲེང་ཚང་གིས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་མཐའ་འཇགས་གནས་སྤོའི་ལས་དོན་རྒྱུས་མངའ་ཞིབ་ཕྲ་གནང་བ་རེད། ཁོང་གིས་བླང་བྱ་བཏོན་གནང་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་ནན་པོ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་བཅས་ཡོད་པ་བྱས་ཐོག རྣམ་གྲངས་ཀྱི་དུས་མཚམས་རེ་འདུན་གཞིར་བཟུང་། སྤུས་ཚད་དང་གྲངས་འབོར་ལ་འགན་ལེན་ཡག་པོ་བྱས་ནས་འབྱོར་འབྲིང་གྲོང་ཚོའི་མཇུག་བསྡུའི་ལས་འགན་དང་མཐའ་འཇགས་གནས་སྤོའི་ལས་འགན་ལེགས་སྒྲུབ་བྱེད་དགོས།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

འདི་ནི་ཞུས་ཁྲེང་ཚང་གིས་གྲོང་མི་ཚོ་དང་མཉམ་དུ་གླེང་མོ་གནང་བཞིན་པའི་རྣམ་པ་ཡིན་པ།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:社会焦点
ཞུས་ཁྲེང་ཚང་གིས་གོང་དཀར་དང་སྣ་དཀར་རྩེ།ལྷོ་བྲག་བཅས་སུ་རྟོག་ཞིབ་གནང་བ།
ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གྱ་གཅིག་པ་སྐོང་འཚོགས་གནང་བ།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
གྲོང་ཁྱེར་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།