第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年8月2日 星期
3 上一篇  下一篇 4 放大 缩小 默认
无标题
 

(པར་ངོས་དང་པོར་མཐུད) ལས་དོན་སྤེལ་རིམ་དེ་ཉིད་མི་ཚེའི་མྱོང་བརྒྱུད་ནང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཏུ་བརྩི་དགོས་དང་། ཞིབ་ཕྲའི་བོད་སྐྱོར་ལས་དོན་སྤེལ་བའི་ཁྲོད་རང་ཉིད་ཀྱི་ཏང་གཤིས་ལ་གསོ་སྦྱོང་ཡག་པོ་སྤྲས་ནས་སྔོན་ཐོན་གྱི་ཐོན་ཁུངས་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལྷོ་ཁར་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པའི་བོད་སྐྱོར་ལས་དོན་ཡག་པོ་སྤེལ་དགོས་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ནན་སྲུང་ཡོད་པ་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འབུར་ཐོན་གནད་དོན་དང་དཀའ་ཁག་སེལ་རོགས་བྱེད་དགོས།

དབང་ཧྭ་ཏུང་གིས་མཇུག་ཏུ། ཨན་ཧུའེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུད་ཀྱིས་གོམ་གང་མདུན་སྤོས་ཀྱིས་ལྷོ་ཁའི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་སྲ་ཆས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མུ་མཐུད་ནས་རྫོང་ཁོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་དང་། རྫོང་དང་ཤང་གྲོང་ཚོ་བཅས་ཀྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་གྱི་དོ་དམ་སྒྱུར་བཅོས་ཐད་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱང་ཆོད་སྨན་བཅོས་འཛུགས་སྐྱོང་ཐད་ཀྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་བཏང་སྟེ། ཞིང་ཆེན་དང་གྲོང་ཁྱེར་ག་སྦྱར་དང་། གྲོང་ཁྱེར་དང་རྫོང་ག་སྦྱར། སྨན་ཁང་གིས་ཚན་ཁག་འགན་གཙང་། ཚོགས་པས་ཚོགས་པར་སྣེ་ཁྲིད་བཅས་ལྡན་པའི་རོགས་སྐྱོར་གནད་སྨིན་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པའི་ཐུགས་རེའང་གནང་བ་རེད།

ཧན་ཡུང་ཀྲུང་གིས་ཆོད་སེམས་བསྟན་དོན། བྱ་སྤྱོད་ངོ་མའི་ཐོག་ནས་བོད་སྐྱོར་ལས་དོན་སྐོར་ལ་ཏང་ཀྲུང་དབྱང་གིས་གནང་བའི་འཐབ་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་ཏེ། སྨན་བཅོས་ཁྱབ་ཁོངས་སུ་ལྷོ་ཁ་དང་མཉམ་ལས་རྒྱ་ཆེར་སྤེལ་ཐོག་ཨན་ཧུའེ་བོད་སྐྱོར་ལས་དོན་འདི་ཉིད་སྐས་རིམ་གསར་པ་ཞིག་ཏུ་སྐུལ་སྤེལ་གཏོང་རྒྱུ་ཡིན།

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:藏区新闻
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་ལ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ངེད་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།