第04版:法律知识 上一版3
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2021年6月21日 星期
3 上一篇  下一篇 4 放大 缩小 默认
མི་ཚོགས་འདུ་འཛོམས་ཆེ་ཁུལ་དུ་མེ་སྐྱོན་བྱུང་ན་ཇི་ལྟར་བྱེད་དགོས་སམ།
 

བོད་ལྗོངས་ཁྲིམས་ལུགས་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་རའི་ནང་མི་ཚོགས་འདུས་ཚད་ཆེ་བ་དང་། དངོས་རྫས་མང་བས། གལ་ཏེ་མེ་སྐྱོན་བྱུང་ན། མེ་མཆེད་མགྱོགས་པ་མ་ཟད། དུ་སྨུག་དང་དུག་ལྡན་དུ་བ་མང་པོ་འབྱུང་སྲིད་ལ། དེས་མ་ཚད། ཚོང་རའི་ནང་ཁུལ་གྱི་རྙོག་འཛིང་ཆེ་བའི་བཀོད་པ་ལས་ཀྱང་མེ་སྐྱོན་གྱི་ཉེན་ཁ་ཇེ་ཆེ་དང་མི་ཚོགས་ཁ་འགྲེམས་ཚད་ཇེ་དཀའ་རུ་འགྲོ་སྲིད།ཚོང་ར་དང་། མགྲོན་ཁང་། གློག་བརྙན་ཁང་སོགས་དམངས་ཚོགས་འདུ་འཛོམས་བྱ་ཡུལ་དུ་མི་ཚོགས་ཆེ་བས་མེ་སྐྱོན་བྱུང་ན་ཐོག་མར་ཇི་ལྟར་བྱེད་དགོས་སམ། མི་མང་འདུ་འཛོམས་ཁུལ་མི་འདྲ་བར་བདེ་འཇགས་ལྡན་པའི་ངང་ཕྱིར་་ཇི་ལྟར་འབྲོ་དགོས་སམ། ང་ཚོས་རང་ཉིད་ནས་ཚབས་ཆེ་བའི་མེ་སྐྱོན་ལས་ཇི་ལྟར་སྐྱོབ་དགོས་སམ།

གཅིག ཚོང་རའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན།

1.མི་ཚོགས་འདུ་འཛོམས་ཆེ་བ་དང་འགྲུལ་རྒྱུན་ཆེ་བས་ཁ་འགྲེམས་ཁག་པོ་ཡོད་པ་རེད། ཚོང་ཁང་ཆེ་གྲས་དང་སྒོ་རྩིས་ཚོང་ཁང་དུ་མི་ཧ་ཅང་མང་ལ། མི་སྣ་མི་འདྲ་བའི་མེ་ཟོན་བདེ་འཇགས་ཀྱི་བྱང་ཚད་ཀྱང་གཅིག་པ་མིན་པས། མེ་སྐྱོན་ཐོན་རྗེས་དངངས་སྐྲག་སྐྱེ་སླ་བ་དང་ཟང་ཟིང་གི་གནས་ཚུལ་ཐོན་སླ་པོ་ཡོད། ལྷག་པར་དུ་མེ་ཤོར་རྗེས་འཚང་ཁ་ཆེན་པོས་འབྲོ་བ་དང་། ཕན་ཚུན་བཙིར་གནོན་བྱེད་པ། ཕན་ཚུན་རྡོག་བརྫིས་ཐེབས་པ་བཅས་ཀྱི་གནས་ཚུལ་ཐོན་ན་མི་ཚོགས་ཁ་འགྲེམས་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོ་གི་ཡོད་ལ། མི་མང་པོ་ཤི་རྨས་འབྱུང་སླ་བ་རེད།

2. མེ་ཤོར་ཚེ་བར་མཐོངས་ཆེ་བ་དང་། གོང་འོག་སྦྲེལ་མཐུད་ཀྱི་ཕྱོགས་བསྡུས་ཚོང་ར་ཆེ་གྲས་སུ་མེ་མཆེད་མགྱོགས་ལ། མེ་ཤོར་ཁྱོན་ཡང་ཆེན་པོ་འབྱུང་སླ་བས་ཉེན་ཁ་ལས་ཐར་ཁག་པོ་ཡོད་པ་རེད།

3.སྐྲུན་དངོས་ལ་བཀག་སྡོམ་རང་བཞིན་ལྡན་པས། མེ་ཤོར་ཚེ་དབྱང་རླུང་འདུས་ཚད་མྱུར་དུ་དམའ་རུ་འགྲོ་བ་དང་། དབྱང་རླུང་མ་འདང་ཚེ་མིའི་ཁ་ཕྱོགས་འབྱེད་ནུས་ཉམས་སྲིད། དབྱང་རླུང་འདུས་ཚད་5%ལས་དམའ་བའི་སྐབས་སུ་སྐར་མ་ཁ་ཤས་ཙམ་ལ་མི་འཆི་འགྲོ་གི་ཡོད་པ་རེད། དུས་མཚུངས་སུ། ཁང་པའི་ནང་གི་སྒྲིག་ཆས་དང་མཛེས་བཟོ། དེ་མིན་འབར་སླ་བའི་ཚོང་རྫས་སོགས་ལས་ཀྱང་མེ་མཆེད་ཚད་ཆེ་རུ་སོང་ནས་དུག་ལྡན་དུ་བ་འབོར་ཆེན་ཐོན་ནས་མི་རྣམས་དབུགས་སུབ་ཐེབས་ཀྱི་ཡོད་པ་རེད།

གཉིས།

སྲོག་ཉེན་ལས་ཐར་བར་དོ་སྣང་བྱེད་དགོས་པའི་དོན་ཚན།

1.ཐོག་མར་སེམས་པ་ལྷོད་ལ་འབབ་དགོས། ཆེས་སྟབས་བདེ་བའི་རང་སྐྱོབ་བྱེད་ཐབས་སྤྱད་ནས་ཐར་ལམ་འོས་འཚམ་ཞིག་འཚོལ་དགོས། དཔེར་ན། ཨ་ཅོར་དང་ཁ་རས་བརླན་པར་བྱས་རྗེས་ཁ་སྣ་བཀབ་སྟེ་དུ་འགོག་ཡོ་བྱད་བཟོ་བའམ་ཡང་ན་ཐག་པ་དང་། རས་ཆ། མལ་གདན་སོགས་སྤྱད་ནས་ཐར་ལམ་བཟོ་དགོས།

2.སྲོག་ཉེན་ལས་ཐར་ཐབས་བྱེད་པའི་བརྒྱུད་རིམ་ནང་ཚོང་རའི་སྐས་འཛེག་དང་། རང་འགུལ་སྐྱོར་སྐས། མེ་ཟོན་གློག་སྐས་སོགས་ནི་མེ་སྐྱོན་ཐོན་མ་ཐག་པའི་དུས་མཚམས་སུ་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་བགྲོད་ལམ་ཡག་པོ་ཞིག་རེད། སྐས་འཛེག་ལས་མར་འབབ་སྐབས་ལག་སྐྱོར་ལ་འཇུས་ཏེ་མི་ཚོགས་ཀྱིས་རྡོག་བརྫིས་མི་ཐེབས་པར་བྱེད་དགོས། སྤྱིར་བཏང་གི་གློག་སྐས་ལ་བསྡད་ནས་སྲོག་ཉེན་ལས་ཐར་ཐབས་བྱེད་མི་རུང་། རྒྱུ་མཚན་ནི་མེ་སྐྱོན་བྱུང་སྐབས་གློག་ཆད་ཀྱི་ཡོད་པས་གློག་སྐས་འཁོར་སྐྱོད་བྱེད་ཐུབ་ཀྱི་མེད་པ་རེད།

3.བྲོས་བྱོལ་མི་ཐུབ་པའི་གནས་ཚུལ་འོག་ཉེན་གཡོལ་བྱེད་ས་འཚོལ་དགོས། དཔེར་ན། ཁང་པའི་ཕྱི་རོལ་གྱི་ཉི་གཡབ་དང་། ཐོག་ཁ། མེ་མཆེད་དཀའ་བའི་ཁང་པ་བཅས་སུ་བསྐྱོད་པ་དང་ཆབས་ཅིག་རོགས་སྐྱོབ་དགོས་པའི་ཆ་འཕྲིན་སྣ་ཚོགས་རྒྱུན་ཆད་མེད་པར་བཏང་ནས་རོགས་སྐྱོབ་མི་སྣས་དོ་སྣང་ཐུབ་པ་བྱེད་དགོས།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:法律知识
གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས།
མི་ཚོགས་འདུ་འཛོམས་ཆེ་ཁུལ་དུ་མེ་སྐྱོན་བྱུང་ན་ཇི་ལྟར་བྱེད་དགོས་སམ།
ཁྲིམས་གཞུང་གསལ་བའི་མེ་ལོང་།