བོད་ལྗོངས་ཁྲིམས་ལུགས་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་དུས། གྲ་ནང་རྫོང་སྤྱི་བདེ་ཅུས་ཀྱིས“3·13གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས”གྱོད་གཞིའི་ཉེས་གསོག་དོགས་ཅན་2བཟུང་སྟེ། POSའཕྲུལ་ཆས་135དང་། དངུལ་ཁང་གཱ་24 ཡིད་རྟོན་གཱ་18 ལག་ཁྱེར་གློག་ཀླད་1 ལག་ཐོགས་ཁ་པར་3 ལས་གཉེར་ལག་ཁྱེར་43 ལམ་ཡིག་1 ལག་ཐོགས་ཁ་པར་གྱི་གཱ་4 རྒྱུག་འབོར་གཱ་14 Uསྡེར་13 ཀུང་སིའི་ཐེལ་ཙེ་3 མི་སྒེར་གྱི་ཐེལ་ཙེ་11 དངུལ་ལེན་བཤེར་ཨང་2བཅས་ཞིབ་བཤེར་རྩད་གཅོད་ཐུབ་ནས་དངུལ་སྒོར་ཁྲི་10ལྷག་ཙམ་ཚུར་བླངས་པ་རེད།
1
2021ལོའི་ཟླ་3ཚེས་13ཉིན་གྲ་ནང་རྫོང་གི་སློབ་གྲྭ་ཞིག་གི་དགེ་རྒན་གྱི་ནང་མིས་སྙན་སེང་ཞུས་དོན། 2020ལོའི་ཟླ་3ཚེས་8ཉིན་ངས་ལེ་བཏུས་གླེང་སྟེཌ་ནས་བུད་མེད་རྒྱུས་མེད་ཅིག་དང་QQགྲོཌ་པོ་བསྒྲིཌ་པ་ཡིན། བུད་མེད་དེས་ཁྱུག་དབྱིངས་ནས་བྲིན་རྫུའི་ལས་འགན་བསྒྲུབས་ན་དངུལ་མང་པོ་གསོག་ཐུབ་པའི་སྐོར་བཤད་བྱུང་། བྲིན་རྫུ་ཐེངས་6ཙམ་བྱས་རྗེས་ཁེ་བཟང་ཉུས་ཤས་རག་བྱུང་། དེ་རྗེས་ཕར་ཕྱོཌ་ཀྱིས་ལས་འགན་སྒྲུབ་དུས་ཡོལ་བ་དང་ལས་འགན་སྒྲུབ་མི་ཐུབ་པར་ཁ་གཡར་ནས་སྒོར་228800ཁ་བསླུས་བརྒྱབ་བྱུང་ཞེས་བཤད།
2
གྱོད་གཞི་ཐོན་རྗེས། མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་གྱོད་གཞི་དང་འབྲེལ་བའི་དངུལ་ཁང་རྩིས་ཁྲ་བསྡམས་བཅད་བྱས་པ་མ་ཟད། གྱོད་འབྲེལ་གྱི་དངུལ་ཁང་རྩིས་ཁྲའི་དངུལ་གྱི་འཁོར་རྒྱུག་གནས་ཚུལ་རྩད་གཅོད་བྱས་པ་དང་དུས་མཚུངས། གྱོད་གཞིའི་གནས་ཚུལ་དུས་ཐོག་ཏུ་གྲ་ནང་རྫོང་སྤྱི་བདེ་ཅུས་ལ་སྙན་སེང་ཞུས་པ་རེད།གྱོད་འབྲེལ་མ་དངུལ་མང་པོ་ཞིག་ཉེས་་གསོག་དོགས་ཅན་ཝང་ཆེ་གེ་མོའི་མིང་འོག་གི་POSའཕྲུལ་ཆས་དང་འབྲེལ་བ་ཡོད་པས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་མཚན་མོ་དེ་རང་དུ་ཧྲན་ཏུང་ཞིང་ཆེན་ཨན་ཆིའུ་གྲོང་ཁྱེར་དུ་བསྐྱོད་པ་དང་། ཁྲེང་ལི་མངཌ་གཏོགས་ཁང་གི་གཞོགས་འདེགས་འོག་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་བཟུང་བ་རེད།
འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོཌ་ཅན་ཝང་ཆེ་གེ་མོས་ཉེས་གསོག་དོན་དངོས་ཁས་མ་བླངས་སྟབས། མི་དམངས་ཉེན་རྟོག་པས་འདྲི་རྩད་བྱེད་ཐབས་ལ་འགྱུར་ལྡོག་བཏང་སྟེ། ཁོ་པ་ཁྲིད་ནས་སྡོད་གནས་ལ་སྔོག་བཤེར་བྱས་པས་POSའཕྲུལ་ཆས་135དང་། དངུལ་ཁང་གཱ་24 ཡིད་རྟོན་གཱ་18 ལག་ཁྱེར་གློག་ཀླད་1 ལག་ཐོཌ་ཁ་པར་3 ལས་གཉེར་ལག་ཁྱེར་43 ལམ་ཡིག་1 ལག་ཐོགས་ཁ་པར་གྱི་གཱ་4 རྒྱུག་འབོར་གཱ་14 Uསྡེར་13 ཀུང་སིའི་ཐེལ་ཙེ3 མི་སྒེར་གྱི་ཐེལ་ཙེ་11 དངུལ་ལེན་བཤེར་ཨང་2 ཟིན་དེབ་3བཅས་ཞིབ་བཤེར་རྩད་གཅོད་ཐུབ་པ་རེད།
3
དཔང་རྟགས་ཁུངས་བཙན་འབོར་ཆེན་གྱི་མདུན་དུ་ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོས་ཡིད་རྟོན་གཱ་ཚབ་འཇལ་གྱི་ལས་ཀ་བྱས་པའི་ངོས་ལེན་ཞུས་པ་རེད། ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོས་ཉེས་གསོག་དོགས་ཅན་ཀེང་ཆེ་གེ་མོས(ཁྲིམས་འོག་ཏུ་ཚུད་པ)ཡིད་རྟོན་གཱ་ལ་བརྟེན་ནས་ཉེས་གསོག་བྱེད་སྤྱོད་སྤེལ་གྱི་ཡོད་པ་ཤེས་བཞིན་དུ་ཀེང་ཆེ་གེ་མོར་ཡིད་རྟོན་གཱ་18གཉེར་རོགས་བྱས་པ་དང་། ཡིད་རྟོན་གཱ་རུ་བསྒྱུར་བའི་ཁྲིམས་འགལ་གྱི་དངུལ་རྣམས་POSའཕྲུལ་ཆས་བརྒྱུད། ཉེས་གསོག་དོགས་ཅན་ཀེང་ཆེ་གེ་མོའི་དམིགས་བཙུགས་རྩིས་ཁྲར་བསྒྱུར་ཏེ། སྔ་རྗེས་སུ་ཀེང་ཆེ་གེ་མོར་དངུལ་སྒོར་ཁྲི་350ལྷག་ཙམ་སྒྱུར་རོགས་བྱས་པ་རེད། ཟླ་5ཚེས་1ཉིན་ཉེས་གསོག་དོགས་ཅན་ཀེང་ཆེ་གེ་མོ་ཧོ་ནན་ཞིང་ཆེན་ས་མོན་ཞ་གྲོང་ཁྱེར་མན་ཁྲེ་རྫོང་ནས་བཟུང་བ་རེད།