ཀུན་གྱིས་ཤེས་གསལ་ལྟར། ཁྲག་མངར་མཐོ་རུ་འགྲོ་བ་ནི་གཅིན་སྙི་ཟགས་ཁུའི་ནད་རྟགས་གལ་ཆེན་ཞིག་རེད། ཁྲག་མངར་མཐོ་དྲགས་ན་དེ་དང་འབྲེལ་བའི་ནད་རིགས་གཞན་དག་ཐོན་པའི་ཉེན་ཁ་ཡོད་པ་དང་། དེས་གཅིན་སྙི་ཟགས་ཁུའི་ནད་པའི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཕོག་གི་ཡོད། མིག་སྔར་རྒྱུན་སྤྱོད་གཅིན་སྙི་ཟགས་ཁུའི་ནད་དཔྱད་ཀྱི་དམིགས་ཚད་ནི་གྲོད་པ་སྟོང་པའི་ཁྲག་མངར་སྟོན་གྲངས་ཡིན(ལྟོ་ཆས་མ་བཟས་གོང་གི་ཁྲག་མངར་ལའང་ཟེར)འོན་ཀྱང་གཅིན་སྙི་ཟགས་ཁུའི་ནད་ཕོག་ན་འཕེལ་རིམ་ཞིག་ཡིན་པ་དང་། བརྒྱུད་རིམ་དེའི་ནང་ལྟོ་ཆས་བཟས་རྗེས་ཀྱི་ཁྲག་མངར་མཐོ་བའི་ནད་རྟགས་དེ་གྲོད་པ་སྟོང་པའི་དུས་ཀྱི་ཁྲག་མངར་མཐོ་བ་ལས་སྔོན་དུ་མངོན་གྱི་ཡོད། གཅིན་སྙི་ཟགས་ཁུའི་ནད་ཐོན་མ་ཐག་ནས་ཤེས་ན། སྔ་ཙམ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ། རྒྱལ་སྤྱིའི་PCRཞིབ་འཇུག་ཚོགས་ཆུང(རྒྱལ་སྤྱིའི་ལྟོ་ཆས་བཟས་རྗེས་ཀྱི་ཁྲག་མངར་ཚོད་འཛིན་ཞིབ་འཇུག་ཚོགས་ཆུང)གི་ཞིབ་འཇུག་ལས་མངོན་དོན། གཅིན་སྙི་ཟགས་ཁུའི་ནད་ཚོད་འཛིན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལྟོ་ཆས་བཟས་རྗེས་ཀྱི་ཁྲག་མངར་ཚོད་འཛིན་བྱེད་རྒྱུ་དེ་གཅིན་སྙི་ཟགས་ཁུའི་ནད་འགོག་བཅོས་ཀྱི་ཆ་ཤས་གལ་ཆེན་ཞིག་རེད།
བློས་འགེལ་ཆོག་པའི་གྲངས་གཞི་ལས་མངོན་དོན། གཅིན་སྙི་ཟགས་ཁུའི་ནད་པར་སྙིང་ཁམས་ཁྲག་རྩའི་ནད་ཕོག་ཚད་ནི་སྤྱིར་བཏང་མི་ལས་ལྡབ་གཉིས་ནས་བཞིའི་བར་གྱིས་མཐོ་བ་ཡོད། དེས་མ་ཚད་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན་དེ་དག་སྙིང་ཁམས་ཁྲག་རྩའི་ནད་ཕོག་ནས་འཆི་བའི་ཉེན་ཁ་ནི་གཅིན་སྙི་ཟགས་ཁུའི་ནད་མེད་པ་ལས་ལྡབ་གསུམ་གྱིས་ཆེ་བ་ཡོད།