第03版:重要新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་སྲ་བརྟན་དང་ལེགས་འཕེལ་བྱུང་བ།
དྲོད་ཁང་ཆེ་མོ་ལྗང་མདོག་གིས་བརྒྱན། འབབ་འཕར་མངོན་འགྱུར་འཚོ་བ་ཅི་ལས་སྐྱིད།
ཚེ་རིང་ཕུན་ཚོགས་ཀྱིས་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ཚོགས་འདུའི་ཐོག་སྲིད་གཙང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚོད་མཐོ་བའི་འཕ@
| 山南网首页 |
2021年5月24日 星期
3 上一篇 放大 缩小 默认
ཚེ་རིང་ཕུན་ཚོགས་ཀྱིས་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ཚོགས་འདུའི་ཐོག་སྲིད་གཙང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚོད་མཐོ་བའི་འཕེལ་རྒྱས་ལ་སྲིད་གཙང་གི་རྨང་གཞི་འདིང་དགོས་པའི་ནན་བཤད་གནང་།
 

(པར་ངོས་དང་པོར་མཐུད) ལིའི་ཤིའུ་ཝུའུ། ཧོང་ཅིན་ཁྲེང་། ཀྲང་ཧྥུ་ཁྲེན། མུའུ་ཡུང་ཝུན། འཇམ་དགའ་བཅས་ཚོགས་འདུར་ཞུགས།

ཚོགས་འདུས་བཏོན་དོན། གྲོང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྔར་ནས་བཟུང་ཚད་མཐོའི་མཐོང་ཆེན་བྱས་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་སྟེ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཡོད། གྲོང་ཁྱེར་སྒྲིག་ཨུད་ཀྱིས་སྒྲིག་ཁྲིམས་ཨང་དང་པོར་བཞག་ནས་དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་སྔར་བས་ནན་དུ་འགྲོ་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་བརྡ་རྟགས་དྲག་པོ་མུ་མཐུད་མངོན་པ་བྱས་ཡོད། གྲོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་འོག་སྲིད་གཞུང་ཁོངས་གཏོགས་ཀྱིས་རྒྱུན་སྲིང་ངང་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

ཚོགས་འདུས་ནན་བཤད་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་རྩ་དོན་ནན་པོ་མཐའ་འཁྱོངས་ཀྱིས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྲིད་གཙང་གི་རྨང་གཞི་བརྟན་པོ་ཞིག་འདིང་ཡོད། ཕྱོགས་ཡོངས་ནས་སྲིད་དོན་གཙང་སྐྱོང་མི་བྱེད་པའི་ཉེན་ཁ་འགོག་པ་དང་། གཙོ་གནད་ལ་དོ་སྣང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་མ་དངུལ་དང་། ལས་གྲྭའི་རྣམ་གྲངས། དམངས་འཚོའི་ཁྱབ་ཁོངས། སྤྱི་པའི་ཐོན་ཁུངས། གཞུང་དབང་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་འགྱུར་ལྡོག་བཏང་ནས་ལས་ཕྱོད་ཆེ་རུ་གཏོང་བ་དང་ཞབས་ཞུ་ཡག་པོ་བྱས་ཏེ“གཤམ་སྤྲོད་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གསོན་ཤུགས་དང་སྒུལ་ཤུགས་འདོན་པ་དང་། “དོ་དམ”ལས་དྲང་གཞག་དང་སྒྲིག་ལམ་ཐོན་པ། “ཁས་ལེན”ལས་སྤུས་ཚད་དང་སྟབས་བདེ་ཡོང་བ་བཅས་བྱེད་དགོས་པ། གནད་དོན་དག་ཐེར་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གནད་དོན་གྱི་འབྱུང་རྩ་དང་གནད་དོན་འཚོལ་བ། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་གི་སྐོར་གཟིགས་ལྡོག་འདྲེན་གནད་དོན་དང་ལྗོངས་ཏང་ཨུད་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་བསམ་འཆར་དང་ལྟ་སྐུལ་ཞིབ་བཤེར་ཤེས་རྟོགས་བྱུང་བའི་གནད་དོན་ཁག་གི་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་གཟུགས་བརྙན་གཏོད་པ། སློབ་གསོ་དོ་དམ་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པ། ཏང་ནང་གི་འཚོ་བ་ནན་པོ་སྤེལ་བ། སྲིད་གཙང་རིག་གནས་སྐྱེད་སྲིང་ལ་སྣང་ཆེན་བྱེད་པ་བཅས་བྱས་ཏེ་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་དང་རུལ་སུངས་སྔོན་འགོག་ཏན་ཏིག་བྱེད་དགོས།

ཚོགས་འདུས་བླང་བྱ་བཏོན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་སྲིད་གཞུང་གི་ལས་དོན་དང་རང་ངོས་འཛུགས་སྐྱོང་གི་ཕྱོགས་གང་ཅིར་ཁྱབ་པ་བྱས་ནས་ཆབ་སྲིད་འཛུགས་སྐྱོང་ཐད་ཚད་གཞིའི་མིག་དཔེ་ལྟ་བ་དང་། བྱེད་པོའི་འགན་འཁྲིའི་ཐད་འགན་འཁྲི་ནན་གཏོང་། སྤྱོད་ཚུལ་འགྱུར་ལྡོག་ཐད་དངོས་ཐོག་བདེན་འཚོལ། ལས་དོན་དོན་འཁྱོལ་ཐད་ཁྲལ་སེལ་མི་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:党史知识
ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་སྲ་བརྟན་དང་ལེགས་འཕེལ་བྱུང་བ།
དྲོད་ཁང་ཆེ་མོ་ལྗང་མདོག་གིས་བརྒྱན། འབབ་འཕར་མངོན་འགྱུར་འཚོ་བ་ཅི་ལས་སྐྱིད།
ཚེ་རིང་ཕུན་ཚོགས་ཀྱིས་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ཚོགས་འདུའི་ཐོག་སྲིད་གཙང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚོད་མཐོ་བའི་འཕ@