ཉེ་དུས། ཟངས་རི་རྫོང་གིས་རྩ་འཛུགས་ལས་དོན་ཚོགས་འདུ་འཚོགས་པ་རེད།
ཉེ་དུས། གོང་དཀར་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།
ཉེ་དུས། འཕྱོངས་རྒྱས་རྫོང་གིས་བཙན་པོའི་བང་སོའི་དངོས་མང་བཤམས་སྟོན་ཁང་དངོས་སུ་གཉེར་འགོ་ཚུགས་ཤིང་། དེར་སྤྱིའི་རྒྱ་ཁྱོན་མུའུ་22.28དང་། གྲུབ་ཆ་གཙོ་བོའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་2900ཡོད་པ་མ་ཟད། དེའི་ནང་བོད་བཙན་པོའི་རྒྱལ་རབས་ཀྱི་གཏམ་རྒྱུད་དང་། བོད་ཀྱི་རྒྱལ་པོའི་བང་སོ། བོད་ཀྱི་འདས་མཆོད་རིག་གནས་ཞེས་པའི་འགྲེམས་ཁང་ཆེན་པོ་གསུམ་བཙུགས་ཡོད་པ་རེད།
ཉེ་དུས། གྲོང་ཁྱེར་སློབ་གསོ་ཅུད་ཀྱིས་གཙོ་གཉེར་བྱས་པའི་ངེད་གྲོང་ཁྱེར་གྱི་2021ལོའི་ལུས་རྩལ་རྒྱན་ཤོག་བུམ་པའི་སྐབས་བཅུ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་གྲོང་ཁྱེར་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད།