第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
重要新闻
 
标题导航
| 山南网首页 |
2021年5月24日 星期
3 上一篇 放大 缩小 默认
གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་འབུར་དུ་ཐོན་པ་དྲུག་ལ་ཤུགས་སྣོན་བརྒྱབ་པ།
ཁོར་ཡུག་གདེང་འཇོག་གི་ཞབས་ཞུ་ལེགས་སུ་ཧུར་ཐག་བཏང་བ།
 

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་འགན་ལེན་བྱ་རྒྱུ་རྩ་བར་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས། སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས“འབུར་དུ་ཐོན་པ་དྲུག”ལ་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་གི་གདེང་འཇོག་ཞབས་འདེགས་ལེགས་སུ་བཏང་བ་རེད།

ཞིབ་མཆན་འགོད་པའི་རིམ་དབྱེའི་དོ་དམ་འབུར་དུ་ཐོན་པར་བྱས་ཤིང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་རིགས་དབྱེའི་དོ་དམ་མིང་གཞུང་ནང་གི་ཁོར་ཡུག་གི་ཤུགས་རྐྱེན་ཐོ་འགོད་རེའུ་མིག་ནང་ཚུད་པའི་རྣམ་གྲངས་ཀྱི་ཞིབ་མཆན་འགོད་དབང་རྫོང(ཆུས)ཡན་ལག་ཅུས་ཁག་ལ་གཤམ་སྤྲོད་བྱས་པས། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། སྔོན་ཚུད་ནས་ཐེ་ཇུས་བྱས་ཏེ་རང་འགུལ་གྱི་ཞབས་འདེགས་འབུར་དུ་ཐོན་པར་བྱས་ཤིང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ཞིབ་མཆན་འགོད་པར“སྔོན་ཚུད་ནས་ཐེ་ཇུས་བྱེད་པའི”ལག་བསྟར་ཇུས་གཞི་དང“སྒོ་རྩར་ཞབས་ཞུ་དང་གཞི་རིམ་དུ་སྐྱོད་པའི”ལག་བསྟར་ཇུས་གཞི་བཟོས་ནས་ཚོང་འགུགས་མ་འདྲེན་གྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་ཞབས་འདེགས་དེ་བས་ཡག་པོ་བསྒྲུབས་ཡོད། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་ཤིང་། 《ལྷོ་ཁ་གྲོང་ཁྱེར་གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ཡིག་ཆའི་ཞིབ་མཆན་འགོད་པའི་གོ་རིམ》བཟོ་བཅོས་བརྒྱབ་པས། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་གོ་རིམ་སྔར་བས་ཚད་ལྡན་དུ་སོང་བ་དང་ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེ་རུ་སོང་ཡོད། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་དུས་བཅད་གཉེར་སྒྲུབ་ལམ་སྲོལ་འབུར་དུ་ཐོན་པར་བྱས་ཤིང་། ཁོར་ཡུག་གི་ཆོག་འཐུས་ཆ་རྐྱེན་དང་དེ་བཞིན་དཔྱད་གཞིའི་ཡིག་ཆ་ཆ་ཚང་བའི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་དུས་ཚོད་ཁྲིམས་གཏན་འཁེལ་བའི་དུས་བཀག་གི་ཕྱེད་ཀ་བར་ཐུང་དུ་བཏང་ཡོད། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་ཆོག་འཐུས་གསལ་ཐོ་འབུར་དུ་ཐོན་པར་བྱས་ཤིང་། རིམས་ནད་ཐོན་རིང་ཁ་ཚ་དགོས་གཏུཌ་ཀྱི་སྨན་བཅོས་འཕྲོད་བསྟེན་དང་། དངོས་ཟོག་ཐོན་སྐྱེད། ཞིབ་འཇུག་ཚོད་ལྟ་བཅས་དང་དེ་བཞིན་ཕག་གསོ་སོགས་ཀྱི་རྣམ་གྲངས་ལ“བརྡ་ལན་སྤྲོད་པའི་ཁས་ལེན་ལམ་སྲོལ”ལག་བསྟར་བྱས་ཡོད། མིག་སྔའི་བར་རྣམ་གྲངས་ཁག་23ལ་བརྡ་ལན་སྤྲོད་པའི་ཞིབ་མཆན་ལམ་སྲོལ་ལག་བསྟར་བྱས་ཡོད། མཐའ་མཚམས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འབུར་དུ་ཐོན་པར་བྱས་ཤིང་། མཐའ་མཚམས་ས་ཁུལ་གྱི་རྣམ་གྲངས་གང་མགྱོགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད་ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་འགོད་པའི་ཐད་ཁག་གཅིག་གི་རིམ་པ་བཅག་པ་དང་ཁག་གཅིག་ཆག་ཡང་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་སྤྱད་ཡོད་པ་རེད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:重要新闻
   第04版:党史知识
མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་།
བསྡུས་ འཕྲིན་
ཁོར་ཡུག་གདེང་འཇོག་གི་ཞབས་ཞུ་ལེགས་སུ་ཧུར་ཐག་བཏང་བ།