སྲིད་གཙང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ལྷོ་ཁ་ཡུན་རིང་བདེ་འཁོད་དང་
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གཙང་གི་རྨང་གཞི་འདིང་དགོས་པའི་ནན་བཤད་གནང་།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་དུས། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱིའི་ལས་ཚབ་ཚེ་རིང་ཕུན་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ཚོགས་འདུ་སྐོང་འཚོགས་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ནན་སྐྱོང་སྐོར་གྱི་མཛུབ་ཁྲིད་གལ་ཆེན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་གྲོས་ཐེངས་ལྔ་པའི་དགོངས་དོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན། ལྗོངས་སྒྲིག་ཨུད་སྐབས་དགུ་པའི་ཚང་གྲོས་ཐེངས་དྲུག་པ་དང་ལྗོངས་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན། གྲོང་ཨུད་སྐབས་དང་པོའི་ཚང་གྲོས་ཐེངས་དྲུག་པའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 2020ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་ཀར་ཕྱོགས་སྡོམ་དང་། འདི་ལོའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
གྲོང་ཨུད་རྒྱུན་ཨུ། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྷག་པ་རྒྱལ་པོས་ཚོགས་འདུར་མཛུབ་སྟོན་གནང་། གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་དབང་ཧྭ་ཏུང་དང་ (པར་ངོས་གསུམ་པར་གཟིགས)