ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། དགོས་མཁོ་མུ་མཐུད་ཆེ་རུ་སོང་བ། ལས་ཞུགས་སྤྱིར་ན་བརྟན་པོ་བྱུང་བ།
ཟླ་4པར།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་12.7%འཕར་བ།
སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་17.7%འཕར་བ།
རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཐོ་འགོད་བྱེད་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་པ།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་གོང་མའི་དུས་མཚུངས་ལས་12.7%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལོ་གོང་མའི་དུས་མཚུངས་ལས་17.7%འཕར་བ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཐོ་འགོད་བྱེད་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་པ་ལ་སོགས། ཟླ་5ཚེས་17ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་4པར་རང་རྒྱལ་གྱི་ཐོན་སྐྱེད་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་པ་དང་། ལས་ཞུགས་དང་ཟོག་གོང་སྤྱིར་ན་བརྟན་པོ་བྱུང་བ། གསར་དར་སྒུལ་ནུས་སྐྱེད་སྲིང་བྱུང་བ་དང་སྟོབས་ཆེར་སོང་ནས་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་སླར་གསོ་དང་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད།
ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་དང་སྒུལ་ནུས་གསར་པ་མུ་མཐུད་སྟོབས་ཆེར་སོང་བ། ཟླ་5པའི་ཟླ་སྟོད་དུ་རང་རྒྱལ་ནས་ཐོན་པའི་སྨི་15རིམ་པའི་ཚངས་ཐིག་ཧ་ཅང་ཆེ་བའི་ (པར་ངོས་གསུམ་པར་གཟིགས)