●འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་185ནས་སྒོར་205བར་སྤར་རྒྱུ་དང་ཚད་གཞི་སྒོར་20འཕར་རྒྱུ་རེད། མིག་སྔའི་བར་ངེད་གྲོང་ཁྱེར་གྱིས་ཟླ་དང་པོ་ནས་བཞི་པའི་བར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བའི་མ་དངུལ་དོན་འཁྱོལ་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་716760དོན་འཁྱོལ་བྱས་པ་དེ་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་35838དང་འབྲེལ་བ་ཡོད་པ་རེད།
●ཉེ་བའི་ལོ་ཤས་རིང་། ངེད་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཀྱི་འགག་རྩར་བརྩིས་ཡོད། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་པའི་སྐོར་གྱི་རང་སྐྱོང་ལྗོངས་དང་ངེད་གྲོང་ཁྱེར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་གསར་གཏོད་ལས་གཏོད་ཀྱི་ནུས་པ་ཆེ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།