ཉེ་དུས། སྣ་དཀར་རྩེ་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གསོ་དང་དེ་བས་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་ཏེ། རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་དུས་མཚམས་དང་པོའི་རིགས་པའི་གཞུང་ལུགས་ཀྱི་ཚོད་རྒྱུགས་ནང་ཡིག་རྒྱུགས་གཏོང་རིང་དཔྱད་གཞི་མི་སྣས་རྒྱུགས་རའི་སྒྲིག་ཁྲིམས་ཀྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ནས་དྲི་བར་ཞིབ་དཔྱད་ཞིབ་ཚགས་དང་ལན་འདེབས་ནན་ཏན་བྱས་ཏེ་གཏན་འབེབས་ཀྱི་དུས་ཚོད་ནང་ཚོད་རྒྱུགས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས་ཡིག་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་ཡིག་རྒྱུགས་ལ་བརྟེན་ནས་ཕན་ཚུན་སྐུལ་འདེད་གཏོང་ཐུབ་པ་བྱས་ཡོད།
ཉེ་དུས། ཆུ་གསུམ་རྫོང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་ལོ་རྒྱུས་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་། ཚོགས་འདུས། རྫོང་ཨུད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་ལས་ཀའི་བཀོད་སྒྲིག་སྤྱི་འདོམས་བྱས་ཏེ་འགན་འཁྲིའི་ལས་བགོས་ཁ་གསལ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། རང་འགུལ་ངང་འགན་འཁྲི་འཁུར་བ། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བར་མཛུབ་ཁྲིད་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་ཆུ་གསུམ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་བྱས་པ།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། གྲོང་ཁྱེར་ཁྲལ་དོན་ཅུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོའི་ཁྲལ་བསྡུའི་གཙོ་གནད་ལས་དོན་དང་གཙོ་གནད་ལས་འགན་ཁག་དམ་འཛིན་ཡག་པོ་བྱ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཁྲལ་གཉེར་གྲོན་འཇལ་སྟབས་བདེ་ཅན་གྱི་བྱ་ཐབས་ཁག་120ལ་དམིགས་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཇུས་འགོད་ཧུར་ཐག་བྱས་ནས་གནད་དོན་ཐག་གཅོད་དང་། འཕེལ་རྒྱས་ལ་སྐུལ་འདེད། སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་པ་སོགས་ཀྱི་ཕན་འབྲས་དངོས་ཀྱི་ཐོག་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མངོན་ཡོད།