第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
| 山南网首页 |
2021年1月29日 星期
3 上一篇  下一篇 4 放大 缩小 默认
མེས་རྒྱལ་གྱི་མཐའ་མཚམས་སུ་ཤེས་དཔལ་གྱི་མེ་ཏོག་བཞད།
 

(པར་ངོས་དང་པོར་མཐུད)ཆ་སྙོམས་ས་བབ་མཐོ་ཚད་སྨི་2350ཟིན་གྱི་ཡོད་ཅིང་། འདི་གར་ནི་གྲངས་ཉུང་མི་རིགས་ཀྱི་མོན་པ་འདུས་སྡོད་བྱེད་ས་གཙོ་བོ་ཞིག་ཀྱང་ཡིན། ཡ་རབས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཡ་རབས་སྲོལ་བཟང་གཏོད། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན།ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བཅས་བྱེད་དགོས” “འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། རང་དབང་། འདྲ་མཉམ། དྲང་གཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཡིད་རྟོན། མཛའ་མཐུན” “སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་པར་གཤམ་གསལ་གྱི་གཏན་འབེབས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས” སླད་མོན་པ་མི་རིགས་ཤང་སྲིད་གཞུང་དང་། སྡེ་ཁུལ། སློབ་གྲྭ ཁྲོམ་ལམ་ཆེ་ཆུང་བཅས་གང་སར་ཤེས་དཔལ་གྱི་སྒྲིག་སྲོལ་ལམ་ལུགས་མཐོང་རྒྱུ་ཡོད།

ཉེ་བའི་ལོ་ཤས་རིང་། སླད་གྲོང་ཚོས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། ཏང་ཡོན་དང་གྲོང་མི། སློབ་མ་བཅས་སྒྲིག་འཛུགས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་གྲོང་སྲོལ་དམངས་ཆིངས་སོགས་སློབ་སྦྱོང་བྱས་ཤིང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ནས། རྒྱ་ཆེའི་མང་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་སེམས་ལ་བརྟན་པོར་ངེས་པ་དང་། དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བ་བྱས། “7·1”དང་། “10·1”“3·28”སོགས་གལ་ཆེའི་ལྷུ་ཚིགས་ལ་བརྟེན་ནས་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་དང་། གཏམ་བཤད་འགྲན་བསྡུར་བྱེད་པ། དྲིལ་བསྒྲགས་ཆེད་སྒྲོམ་འཛུགས་པ། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ“གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་ཡོང་མི་སྲིད་ལ་དེང་གི་བདེ་སྐྱིད་འཚོ་བ་དེ་བས་ཡོང་མི་སྲིད”པའི་འདུ་ཤེས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཡ་རབས་ཀྱི་སློབ་གསོ་རྒྱག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་མིར་ཡ་རབས་སྲོལ་བཟང་འཛུགས་རྒྱུའི་ཁྲིད་སྟོན་བྱས།

མོན་པའི་ཁྱད་ཆོས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ཉེ་བའི་ལོ་ཤས་རིང་། སླད་གྲོང་ཚོའི་ཐོན་ལས་རིམ་བཞིན་ཚན་རིག་ཅན་དང་། གཞི་ཁྱོན་ཅན། ཁྲོམ་ར་ཅན་བཅས་སུ་འགྱུར་བ་དང་བསྟུན་ནས་ཇའི་ཐོན་ལས་ལ་མང་ཚོགས་དེ་བས་མང་བའི་ཁས་ལེན་ཐོབ་ནས་རིམ་བཞིན་འཕེལ་རྒྱས་སྟོབས་ཆེར་ཕྱིན་ཏེ“དུད་ཚང་ཚང་མར་འཇོན་ཐང་ལྡན་ཡོད་པ་དང་། མི་ཚང་མས་ལག་རྩལ་ཤེས་པའི”འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད། “ཇའི་ཐོན་ལས”དང“ཡུལ་སྐོར་ལས་རིགས”ལ་སྟངས་འཛིན་ཡག་པོ་བྱས་ནས་གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ལས་དོན་དེ་གཉིས་གཙོ་གནད་དུ་བཟུང་ནས“ཕྱུག་འགྱུར་ཕུགས་འདུན”དང“འབྱོར་འབྲིང་ཕུགས་འདུན”མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ཡོད་པ་རེད། 2013ལོར་སླད་མོན་པ་མི་རིགས་ཤང་གིས་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཇ་ལོ་ཁྲོམ་རར་བཏོན་པ་དང་ཆབས་ཅིག་ཤང་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཕྱིར་གླ་པར་སྐྱོད་དཀའ་བ་དང་ལས་ཀ་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

སླད་གྲོང་ཚོས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་དུས་བཀག་ནང་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་ལ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་། ཁོར་ཡུག་འཕྲོད་བསྟེན་གྱི་དང་བླངས་ཞབས་ཞུའི་རུ་ཁག་འཛུགས་པ། འོས་འགན་ཤིང་འཛུགས་དང་མེ་ཟོན་ནགས་སྲུང་སོགས་ཀྱི་བྱེད་སྒོ་སྤེལ་ནས“སྣོད་བཅུད་ཀྱི་ཕུགས་འདུན”དང“མཛེས་སྡུག་ལྡན་པའི་ཕུགས་འདུན”ཧུར་ཐག་བཏོད་ཡོད།

“དེ་སྔ་གྲོང་མི་ཚོས་དཔལ་འབྱོར་གྱི་ཕན་འབྲས་ཁོ་ནར་སྣང་ཆེན་བྱེད་པ་ལས་ཁོར་ཡུག་འཕྲོད་བསྟེན་ལ་དོ་ཁུར་དེ་ཙམ་བྱེད་ཀྱི་མེད། མ་གཞི་ང་ཚོའི་གྲོང་ཚོའི་ཡུལ་ལྗོངས་མཛེས་པོ་ཡོད་མོད། འོན་ཀྱང་འཕྲོད་བསྟེན་གྱི་གནས་ཚུལ་དེ་ཙམ་ཡག་པོ་མེད། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་པ་བརྒྱུད་ད་ཆ་ང་ཚོའི་ཁང་པའི་ཕྱི་རོལ་དུ་གཙང་སྦྲ་དོད་དུ་ཕྱིན་ནས་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཡོད་ལ་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་སླད་གྲོང་ཚོའི་གྲོང་མི་ཉི་མ་ཚེ་རིང་གིས་བཤད།

རིག་གནས་དམངས་ཕན་གྱིས་གྲོང་གསེབ་ཀྱི་རིག་གནས་རྩ་བ་རྒྱས།

ཕུན་སུམ་ཚོགས་པའི་རིག་གནས་འཚོ་བ་ལོངས་སྤྱོད་བྱ་རྒྱུ་ནི་རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་བྱེད་པའི་དོན་དག་ཞིག་རེད། རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་བྱ་རྒྱུ་ནི་སླད་མོན་པ་མི་རིགས་ཤང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། སླད་གྲོང་ཚོས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་དམིགས་པ་དང་ཤེས་དཔལ་ལྡན་པའི་གྲོང་གསེབ་གཏོད་རྒྱུ་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་རྟེན་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད་པ་རེད།

གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བར་དམིགས་ནས་ཞིང་པའི་དཔེ་དེབ་ཁང་ཁྱོན་ཡོངས་ནས་བསྒྱུར་བཅོས་གསར་གཏོད་ཟབ་སྤེལ་དང་། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བའི་ཚོད་ལྟ་བྱེད་པ། ཞིང་པའི་དཔེ་དེབ་ཁང་གི་མཛེས་ལྗོངས་ཁུལ་དང་སྒོ་རའི་ནང་སྐྱོད་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཞིང་པའི་དཔེ་དེབ་ཁང་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ཡོད་པ་རེད།

གྲོང་མི་སྡོད་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལ་བརྟེན་ནས“ཁྱིམ་ཚང་དང་། འཆམ་མཐུན། ཡ་རབས”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་ཁྱད་ལྡན་རིག་གནས་དང་། རྒན་བཀུར་གཞོན་གཅེས། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་བརྗོད་བྱ་གཙོ་བོའི་རིག་གནས་གྱང་བཏོད་ནས་མཐུན་སྒྲིལ་རོགས་རེས་ནང་དོན་གཙོ་བོར་བྱས་པའི་ཀུན་སྤྱོད་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་དང་། “སྔོན་ལ་མི་ཚུལ་ལྡན་ཞིག་བྱེད་དགོས་”པ་དང་། མང་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གལ་ཆེའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། “བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་”དང་། “དཔེ་བཟང་གི་གྲོང་ཚོ་བཅུ་ཅན། ”“སྔོན་ཐོན་གྱི་གཉིས་ལྡན་དུད་སྦྲེལ”སོགས་གསར་འཛུགས་བྱེད་སྒོར་བརྟེན་ནས་རྒན་བཀུར་གཞོན་གཅེས་དང་། ཡིད་རྟོན་མཛའ་མཐུན། མཐུན་སྒྲིལ་རོགས་རེས་སོགས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་བ། བསམ་བློ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་དྲིལ་བསྒྲགས་བྱེད་པའི་སློབ་གསོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་རྣམ་ཅན་དང་། ཞིབ་ཕྲ་ཅན། གཟུགས་བརྙན་ཅན། འཚོ་བ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་སྙིང་སྟོབས་དང་སེམས་ཤུགས་གཅིག་སྡུད་བྱས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:国内新闻
གྲོང་ཨུད་ཀྱིས་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
མེས་རྒྱལ་གྱི་མཐའ་མཚམས་སུ་ཤེས་དཔལ་གྱི་མེ་ཏོག་བཞད།
བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ བཀོལ་སྤྱོད་ཆོག་པའི་ཡོང་འབབ་77.4%འཕར་བ།