第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
重要新闻

第03版
综合新闻
 
标题导航
| 山南网首页 |
2021年1月29日 星期
下一篇 4 放大 缩小 默认
གྲོང་ཨུད་ཀྱིས་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
 

(པར་ངོས་དང་པོར་མཐུད) ངེད་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད།

ཚོགས་འདུས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་“འདུ་ཤེས་བཞི་”ཟབ་གཏོང་དང་། “གདེང་ཚོད་བཞི་”བརྟན་གཏོང་། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་དག་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཀྱི་མཐོ་ཚད་ལ་ཕྱོགས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྟངས་འཛིན་འཕྱུགས་མེད་བྱེད་དགོས། ལྷོ་ཁའི་དོན་དངོས་དང་“དུས་རིམ་ལྔ་རྩེག་”གི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་གཞིས་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དང་“གསུམ་གནང་བ་དང་། ཕན་པ་གཅིག་”མཐའ་འཁྱོངས་བྱེད་རྒྱུ་ཟུང་འབྲེལ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཟུང་འབྲེལ། བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དང་ཞི་མཐུན་བརྟན་ལྷིང་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུས།རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་པ་དང་།“འདུ་ཤེས་བཞི་”ཟབ་གཏོང་དང་། “གདེང་ཚོད་བཞི་”བརྟན་གཏོང་། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ནས་《གྲོང་ཁྱེར་དང་རྫོང་ཤང་བཅས་ཀྱི་འགོ་ཁྲིད་ཚན་པའི་སྐབས་བརྗེའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བརྡ་ཐོ་དང་།སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ལས་ཁུངས་དང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ།རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བརྡ་ཐོའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ་ཆབ་སྲིད་ཀྱི་འགག་སྒོ་དང་། འཇོན་ནུས་ཀྱི་འགག་སྒོ། སྤྱོད་གཙང་གི་འགག་སྒོ་བཅས་དམ་སྲུང་བྱེད་དགོས་པ་དང་།ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་ནས་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ནན་པོར་སྲུང་བ། ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་པའི་གཏན་འབེབས་ལ་ནན་སྲུང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་མི་སྲུང་བ་སོགས་ཀྱི་གནད་དོན་ཡོད་རིགས་འོས་མི་བྱེད་མི་ཆོག་པ་དང་། བདམས་ཐོན་བྱུང་བའི་ལས་བྱེད་པ་རྣམས་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། བློས་འཁེལ་བ། བློ་བདེ་བ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།ཡང་དག་པའི་བགྲོད་ལམ་བརྟན་སྲུང་དང་། ཚུལ་ལྡན་གྱི་མི་ཞིག་བྱེད་པ། ལས་ཀ་ཏན་ཏིག་སྒྲུབ་པ། བསམ་བློ་ཡོད་ལ་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ལས་བྱེད་པ་འདེམས་སྤྱོད་མཐའ་འཁྱོངས་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་“དམིགས་བསལ་གསུམ་”གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་དགོས།ལས་ཀ་བྱེད་འདོད་ཡོད་པ་དང་། ལས་ཀ་བྱེད་ཐུབ་པ། ལས་ཀ་བྱེད་ཤེས་པ་བཅས་ཀྱི་ལས་བྱེད་པ་འདེམས་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུས།《2020ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་མཐར་ཕྱིན་བསྟར་ཚུལ་སྐོར་གྱི་སྙན་ཞུ་》དང་《ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མུ་མཐུད་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀ་ཟབ་ཏུ་གཏོང་ཚུལ་སྐོར་གྱི་སྙན་ཞུའི་》བརྡ་ཐོའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་ཏན་ཏིག་དང་།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ཚད་འཛིན་དུ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་སྣེ་ཁྲིད་དེ་ལག་བསྟར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོའི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུས།རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཚད་གཞིའི་ཚོགས་འདུས་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་དང་། བྱ་ཐབས་གལ་ཆེན། ལས་ཀའི་བླང་བྱ་བཅས་ལ་དམིགས་ནས་གོ་སྐབས་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས།རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་།ལྷག་དོན་དུ་སྙན་སྒྲོན་ནང་ཁ་གསལ་བཏོན་པའི་ལྷོ་ཁའི་གལ་ཆེའི་སྲིད་ཇུས་དང་རྣམ་གྲངས་ལ་དམིགས་ཏེ་ཆེད་བསྐོས་མི་སྣས་འགན་འཁུར་བ་དང་ཆེད་མིས་ལས་དོན་བསྒྲུབས་ནས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་སྲོལ་ཡིག་གི་སློབ་སྦྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལག་བསྟར་དོན་འཁྱོལ་ལས་དོན་ལ་དམ་འཛིན་བྱེད་དགོས།ལྗོངས་ཏང་ཨུད་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཐོག་མི་དམངས་འཐུས་ཚོགས་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ནན་བཤད་བྱས་པ་རེད།

下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:重要新闻
   第03版:综合新闻
   第04版:国内新闻
གྲོང་ཨུད་ཀྱིས་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་འཚོགས་པ།
མེས་རྒྱལ་གྱི་མཐའ་མཚམས་སུ་ཤེས་དཔལ་གྱི་མེ་ཏོག་བཞད།
བོད་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ བཀོལ་སྤྱོད་ཆོག་པའི་ཡོང་འབབ་77.4%འཕར་བ།