第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
| 山南网首页 |
2020年12月25日 星期
3 上一篇  下一篇 4 放大 缩小 默认
དམིགས་བསལ་ཚོགས་སྤྱིར་སྲིད་ཇུས་འོད་ཟེར་འཕྲོས།
 

(པར་ངོས་དང་པོར་མཐུད) ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཡོད་པའི་མི་སྣ་ཚང་མ་བསྙེན་བཀུར་དང་གསོ་ཉར་བྱེད་ཁོངས་སུ་བཅུག་པ་དང་ཆབས་ཅིག གཅིག་སྡུད་གྲལ་བཤེར་དང་། སྟབས་བསྟུན་དོ་དམ། གསར་སྣོན་དང་ཕྱིར་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཞིབ་བཤེར་མཆན་འགོད་ཀྱི་བརྒྱུད་རིམ་ཡོངས་བསྒྲཌ་ཁ་གསལ་དང་ཞིབ་མཆན་འགོད་འབྲས་དྲང་སྙོམས་དྲང་གཞག་གིས་ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཚང་མ་ཐ་སྐྱོང་འགན་ལེན་ཏན་ཏིག་བྱས་ནས་འགན་ལེན་བྱེད་དགོས་རིགས་འགན་ལེན་དང་འཚོ་སྐྱོང་བྱེད་དགོས་རིགས་འཚོ་སྐྱོང་ཐུབ་པར་བྱས་ཡོད།

ངེད་གྲོང་ཁྱེར་གྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་གི་འཚོ་བ་དང་། བདེ་ཐང་། སློབ་སྦྱོང་སོགས་ཀྱི་ཡིག་ཚགས་རྩིས་ཐོ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྟབས་བསྟུན་ཁ་གསབ་ཀྱི་ལམ་ལུགས་ལག་བསྟར་བྱས་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་གི་འཚོ་བའི་ཁ་གསབ་ཚད་གཞི་གཞིར་བཟུང་དུས་ཐོག་ཏུ་མ་དངུལ་དོན་འཁྱོལ་བྱས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་གི་འགན་ལེན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད།

རྒྱ་ཚྭ་རྫོང་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་སྒྲོལ་མ་ལྷ་མོས“འདི་ལོ་དམངས་སྲིད་ལས་དོན་པ་ངའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་ཕེབས་རྗེས་ང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རྒན་གསོའི་སྲིད་ཇུས་ལོངས་སྤྱོད་བྱེད་པར་ཤོག་གསུངས་ཀྱི་འདུག འདི་གའི་སྡོད་སའི་ཁོར་ཡུག་ལེགས་ལ་འཚོ་བའི་ཆ་རྐྱེན་ཡང་ཡག་པོ་འདུག གལ་ཆེ་ཤོས་ནི་འདི་གར་འཚོ་བ་སྐྱེལ་མཁན་གྱི་རྒན་རྒོན་ཚོའི་གནས་ཚུལ་ཧ་ལམ་འདྲ་པོ་འདུག་པས་ཚང་མ་མཉམ་དུ་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་བྱས་ཚེ་ཧ་ཅང་སྐྱིད་པོ་འདུག ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚེ་མཇུག་ཏུ་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་ཡོང་བ་སྙམ་པ་རྨི་ལམ་དུའང་གཏོང་མྱོང་མེད”ཅེས་བཤད།

སྒྲོལ་མ་ལྷ་མོས་ངེད་གྲོང་ཁྱེར་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚང་མའི་བསམ་འདུན་བརྗོད་ཡོད་ལ་ཏང་གི་དམངས་ཕན་སྲིད་ཇུས་ལོངས་སྤྱོད་བྱ་རྒྱུ་བྱུང་བས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཚང་མའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་སོང་ཡོད།

“གཅིག་སྡུད་གཉིས”ལ་བརྟེན་ནས་ཕན་བདེ་ཡོངས་ཁྱབ་ཐུབ་པར་བྱས་པ།

ངེད་གྲོང་ཁྱེར་གྱིས་སྤྱི་ཚོགས་ཕན་བདེའི་བྱ་གཞག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མིག་སྔའི་བར་གྲོང་ཁྱེར་དེས་མ་དངུལ་སྒོར་དུང་ཕྱུར་4.26བཏང་སྟེ“གཅིག་སྡུད་གཉིས”ཀྱི་རྣམ་གྲངས་15བསྐྲུན་པའི་ནང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་བསྙེན་བཀུར་ལྟེ་གནས་12དང་། རྒན་རྒོན་འཚོ་སྐྱོང་ཁང་2 བྱིས་པའི་ཕན་བདེ་ཁང་1བཅས་ཚུད་ཡོད། གཞན་ཡང་གྲོང་ཁྱེར་དེས་ད་དུང་ལྷོ་ཁ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་བསྙེན་བཀུར་སྒྲིག་གཞི་12ལ་དྲོད་རླངས་མཁོ་འདོན་ལས་གྲྭ་ལེགས་སྒྲུབ་བྱས་ཡོད། 《སྤྱི་ཚོགས་ཕན་བདེའི་སྒྲིག་གཞི་དོ་དམ་བྱ་ཐབས》བཟོས་ནས་བཏོན་པ་དང《བྱིས་པའི་ཕན་བདེའི་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཉེར་སྤྱོད་ལག་དེབ》སོགས་བཟོས་ཏེ་འབྲེལ་ཡོད་དོ་དམ་པ་དང་ལས་དོན་མི་སྣའི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོས་ནས“གཅིག་སྡུད་གཉིས”བྱ་ཡུལ་གྱི་དོ་དམ་ཚན་རིག་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།

སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཚོ(གྲོང་ལྷན)ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་སོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས“གཅིག་སྡུད་གཉིས”བསྙེན་བཀུར(གསོ་ཉར)སྲིད་ཇུས་འཕྱུགས་མེད་ངང་གཞི་རིམ་མང་ཚོགས་ལ་བརྒྱུད་བསྒྲགས་བྱས་པ་དང་ཆབས་ཅིག འདོད་མོས་ཡོད་མཁན་ཚོ་སྒྲིག་འཛུགས་ཀྱིས་གཅིག་སྡུད་བསྙེན་བཀུར་སྒྲིག་གཞིར་ལྟ་སྐོར་དང་ཉམས་ལེན་བྱེད་པར་ཁྲིད་ཡོད།

འདི་ལོའི“དྲུག་གཅིག”བྱིས་པའི་དུས་ཆེན་ལ་ངེད་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཚེ་རིང་ལྷ་མོས་སྤྲོ་སྣང་ལྡན་པའི་སྐྱེས་སྐར་ཞིག་བཏང་ཡོད་ཅིང་། དེ་ཉིན་ཕན་བདེ་ཁང་གིས་ཆེད་མངགས་སློབ་མའི་ཟ་ཁང་གི་ཕྱི་ནང་གང་སར་མཛེས་རྒྱན་སྤྲས་ཏེ་ཕྲུ་གུ་29ཡིས་ཁྱིམ་གྱི་དྲོ་སྐྱིད་དང་འཚོ་བའི་བདེ་སྐྱིད་ཚོར་བར་བྱས་ཡོད། ཚེ་རིང་ལྷ་མོས“དེ་ནི་ང་ཕན་བདེ་ཁང་དུ་སླེབས་པའི་སྐྱེས་སྐར་དང་པོ་རེད། མི་མང་པོ་ཞིག་གིས་ངར་ལག་རྟགས་སྤྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཕན་བདེ་ཁང་གི་ཁྱིམ་ཚང་ཆེན་པོ་འདིར་ང་ཚོ་དགའ་སྤྲོའི་ངང་འཚར་ལོངས་བྱུང་བས་ཁེར་རྐྱང་གི་སྣང་བ་སྤུ་ཙམ་ཡང་མི་འདུག”ཅེས་བཤད།

མིག་སྔའི་བར། ངེད་གྲོང་ཁྱེར་དུ་དམིགས་བསལ་དཀའ་ངལ་ཡོད་པའི་མི་1481གཅིག་སྡུད་བསྙེན་བཀུར་ལ་ཞུགས་པ་དང་། གཅིག་སྡུད་བསྙེན་བཀུར་བྱེད་འདོད་ཡོད་མཁན་དམིགས་བསལ་དཀའ་ངལ་ཡོད་པའི་མི་གཅིག་སྡུད་བྱེད་ཚད་100%ཟིན་པ། དྭ་ཕྲུག་393(དེའི་ནང་ཐེམ་ཁུངས་ནག་ཆུ་ནས་ཡིན་པ་163ཚུད་པ)གསོ་ཉར་བྱས་ནས་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཟིན་ཡོད་པ་རེད།

བྱེད་ཐབས་མང་པོ་སྤྱད་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་བ།

ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་སྲུང་སྐྱོང་དང་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་ནི་ན་སོ་དར་ལ་མ་བབས་པའི་མིའི་སྐྱོན་བྲལ་འཚར་ལོངས་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། ངེད་གྲོང་ཁྱེར་གྱིས་ན་སོ་དར་ལ་མ་བབས་པའི་མིའི་སྤྱི་ཚོགས་སྲུང་སྐྱོང་དང་རོགས་སྐྱོབ་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། འདི་ལོ་ངེད་གྲོང་ཁྱེར་གྱིས་གཅིག་སྡུད་གསོ་ཉར་བྱས་པའི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་དངུལ་མི་རེར་ཟླ་རེར་སྒོར་1000ནས་མི་རེར་ཟླ་རེར་སྒོར་1059བར་སྤར་ཁར་གྲོང་ཁྱེར་གྱི“དམངས་སེམས་འདུ་འགོད་ཆེན་པོ་བཅུའི”མི་རེར་ཟླ་རེའི་ཁ་གསབ་རོགས་དངུལ་སྒོར་100སྤྲད་པ་བསྡོམས་ཚེ་མི་རེར་ཟླ་རེར་འགན་ལེན་དངུལ་སྒོར་1159ཡོད་པ་རེད།

དེ་དང་ཆབས་ཅིག་ངེད་གྲོང་ཁྱེར་གྱིས་ན་སོ་དར་ལ་མ་བབས་པའི་མིར་འབྱུང་རྩ་ནས་སྔོན་འགོག་དང་བཅོས་སྐྱོང་ཧུར་ཐག་དང་རོགས་སྐྱོབ་སྲུང་སྐྱོབ་ཀྱི་ཁུངས་སྣེ་བསྡུ་རུབ་དང་། ལྟ་སྐྱོང་གནས་ཚུལ་བརྟག་དཔྱད་དཔྱད་དཔོག རྗེས་སྙེག་བཅར་འདྲི། གཏུག་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། འདི་ལོའི་ཟླ་10པའི་ཟླ་མཇུག་བར། ངེད་གྲོང་ཁྱེར་གྱིས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་76ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་35.04སྤྲད་པ་དང་། དྭ་ཕྲུག་གི་སློབ་རོགས་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་ཏེ་སློབ་གྲྭ་འགྲིམས་བཞིན་པའི་དྭ་ཕྲུག་ལ་སློབ་གསོའི་རོགས་སྐྱོར་བྱས་ནས“རྒྱན་ཤོག་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་དང་། དྭ་ཕྲུག་གི་སློབ་རོགས་འདུ་འགོད”ཀྱི་འགན་ལེན་དངུལ་དོན་འཁྱོལ་བྱས་ཡོད། འདི་ལོའི་ཟླ་10པའི་ཟླ་མཇུག་བར་གྲོང་ཁྱེར་དེས་ཆ་རྐྱེན་དང་འཚམ་པའི་དྭ་ཕྲུག་86ལ་སློབ་རོགས་དངུལ་སྒོར་ཁྲི་61.02སྤྲད་ཡོད། སློབ་དངུལ་རག་རྗེས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་བསྟན་འཛིན་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཏང་དང་སྲིད་གཞུང་གིས་ངར་སློབ་ཡོན་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ། ངས་ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་མེས་རྒྱལ་སྔར་བས་སྟོབས་ལྡན་ཞིག་ཏུ་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་རོགས་རམ་བྱེད་དགོས་རིགས་ཚང་མར་རོགས་རམ་བྱེད་ཀྱི་ཡིན”ཞེས་བཤད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:公益广告
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེ་ཚོགས་འདུ་གཙོ་སྐྱོང་གནང་བ།
དམིགས་བསལ་ཚོགས་སྤྱིར་སྲིད་ཇུས་འོད་ཟེར་འཕྲོས།
ཕྲུ་གུ་བཙའ་བའི་ཆ་རྐྱེན་ཡག་ ཤོས་གང་དག་ཡིན་ནམ།