འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་1ཉིན། གྲོང་ཨུད་ཧྲུའུ་ཅི་གཞོན་པ། གྲོང་སྤྱི། གྲོང་ཁྱེར་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཕུར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གྲོང་ཁྱེར་སྨན་རྩིས་ཁང་། གྲོང་ཁྱེར་འཕྲོད་བསྟེན་ཨུད། གྲོང་ཁྱེར་འཕེལ་སྒྱུར་ཨུད། གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད། ཧུའེ་ཧའོ་སྒོ་རྩིས་ཁང་། ཤམ་ཆུའི་གསོལ་མགྲོན་ཁང་། ལན་ཐཱན་ཚོང་དོན་མགྲོན་ཁང་། ལྷོ་ཁའི་མགྲོན་ཁང་བཅས་སུ་ཟབ་འཇུག་གནང་སྟེ། ངེད་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་དངོས་ཟོག་མཁོ་སྤྲོད་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་གཏོང་སྒོས། ལྷག་བསམ་གོང་བཀུར་དང་མིག་ལྟོས་ཡོད་པའི་ཚད་ནས་རིམས་འགོག་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གོ་རིམ་དང་ལྡན་པའི་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་ལས་དོན་ཡག་པོ་སྒྲུབ་ནས་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སྣེ་གདོང་ཆུས་ཨུད་ཧྲུའུ་ཅི་ཉི་མ་ཚེ་རིང་དང་། གྲོང་སྤྱི་གཞོན་པ་ཝང་ཞཱ་དང་འཇམ་དགའ་སོགས་ཀྱིས་ལྷན་དུ་ཕེབས་རོགས་ཞུས།
གྲོང་ཁྱེར་མི་དམངས་སྨན་ཁང་དང་། གྲོང་ཁྱེར་སྨན་རྩིས་ཁང་། གྲོང་ཁྱེར་འཕྲོད་བསྟེན་ཨུད་བཅས་སུ། ཕུར་བུ་དོན་གྲུབ་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཞུས་ཁྲེང་ཚང་གི་ཚབ་ཞུས་ནས་འཐབ་ས་མདུན་མར་ཡོད་པའི་སྨན་དོན་མི་སྣར་མཛའ་བརྩེའི་འཚམས་འདྲི་གནང་ཞིང་། ཚང་མས་རིམས་ནད་ལ་ཁ་གཏད་གཅོག་པའི་སྙིང་སྟོབས་ལ་སློབ་སྦྱོང་དང་དཀའ་ཁག་ལ་ (པར་ངོས་གཉིས་པར་གཟིགས)