འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱི་ཚེས་2ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་གཞི་རིམ་གྱི་འཐབ་ས་དང་པོ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་གཅིག་ཏུ་ཕེབས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ཞིབ་བཤེར་གནང་བ་དང་། གཞི་རིམ་མང་ཚོགས་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་ལས་བཟོ་དང་དགོན་སྡེའི་དགེ་འདུན་པ་ཚོར་འཚམས་འདྲི་གནང་བ་རེད།
ཁོང་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་འགན་འཁྲི་འཁུར་བའི་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་གཅེས་སྲུང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དེ་ཉིན་ཞོགས་པ། གྲ་ནང་རྫོང་ནོར་སྟོད་གྲོང་ཚོའི་ཕྱི་ཕྱོགས་འགག་སྒོའི་ས་ཚིགས་ཀྱི་ (པར་ངོས་གསུམ་པར་གཟིགས)