ལོ་4ཙམ་རིང་གི་འཚོལ་ཞིབ་དང་འཕེལ་རྒྱས་རྒྱུན་ཆད་མེད་པ་བྱས་པ་བརྒྱུད། རྒྱ་སྲན་མེ་ཏོག་གི་འདེབས་འཛུགས་ནས་ལས་སྣོན་འཕར་མ་དང་དེ་ནས་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱི་འཕེལ་རིམ་ནང་། ས་གཙང་རྟེན་གཞིར་གཞི་ཚུགས་ཏེ་རྒྱ་སྲན་མེ་ཏོག་གི་ཐོན་ལས་ཀྱི་གཞི་རྒྱ་གྲུབ་ཅིང་། ད་ལྟའི་ཆར་ལྷ་སའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་ཅན་དུ་གྱུར་ཡོད་པ་རེད།
དུས་མཚུངས། ཀུང་སིས་མཐོ་སློབ་ཐོན་པའི་སློབ་མ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་ཐུབ་ཡོད་པ་རེད།
འདི་ནི་ཀུང་སིའི་ལས་ཀར་ཞུགས་མཁན་གྱི་མཐོ་སློབ་ཐོན་པའི་སློབ་མས་རྒྱ་སྲན་མེ་ཏོག་འཐུ་བཞིན་པ།