第03版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་བ།
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ ཐེངས་51གཙོ་སྐྱོང་སྐོང་འཚོགས་གནང་བ།
བྱེ་མ་ཀ་ར་འཇོག་ཡུན་རིང་རྒྱུ་མེད།
ངེས་པར་དུ་ངེས་དགོས་པའི་བདེ་ཐང་འཚོ་བའི་གོམས་གཤིས་བཞི།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུའི་རིང་ ངེད་གྲོང་ཁྱེར་གྱིས་རྒྱུགས་ཤོག་ཡག་པོ་ཞིག་ཕུལ་བ།
| 山南网首页 |
2019年6月7日 星期
3 上一篇 放大 缩小 默认
དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུའི་རིང་ ངེད་གྲོང་ཁྱེར་གྱིས་རྒྱུགས་ཤོག་ཡག་པོ་ཞིག་ཕུལ་བ།
 

(པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག་ངེད་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་མའུ་ཡུང་ཝུན་གྱིས་ངོ་སྤྲོད་བྱས་པར། ལོ་60ཡི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ། ཀྲུང་གོ་འབྲུ་རིགས་ཚོགས་པ་བཅས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་བཅས་ཀྱི་འོག གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་མཛད་ཕྱོགས་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་ལ་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། རྨང་གཞི་བརྟན་གཏོང་། སྒོ་མོ་རྒྱ་ཆེར་དབྱེ་བ་བཅས་བྱས་པ་ལས་བྱ་གཞག་ཁག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད།

མིག་སྔར། ངེད་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ། ངེད་གྲོང་ཁྱེར་གྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་བ་ལས་ཅུང་སྲ་ཞིང་བརྟན་པའི“གཉིས་གསུམ་གཅིག”གི་ཐོན་ལས་རྣམ་པ་ཞིག་ཆགས་པ། གྲོང་ཁྱེར་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ57844ཡི་ནང་ནས་དབུལ་པོ་52705དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་བཅུ་གཉིས་ཚང་མ་དབུལ་སྒྲོལ་ཐུབ་ཡོད། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་ཐོན་དཔེ་སྟོན་ཁུལ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་ཆུ(མཚོ)དཔོན་ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ། གྲོང་ཁྱེར་ཡོངས་ཀྱི་སྐྱེད་ཚལ་ཉར་ཚགས་རྒྱ་ཁྱོན་མུའུ་ཁྲི་150ལྷག་ཙམ་ཟིན་པ། འདམ་རའི་རྒྱ་ཁྱོན་ཧ་ལམ་སྤྱི་ཆིང་ཁྲི་23.92ཟིན་པ། ནགས་ཚལ་ཁྱབ་ཚད་24.79%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལ་ལོངས་སུ་སྤྱད་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད།

3 上一篇 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会聚焦
ཞུས་ཁྲེང་ཚང་གིས་གྲོང་ཨུད་རྒྱུན་ཨུད་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་བ།
ཕུར་བུ་དོན་གྲུབ་ཀྱིས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ ཐེངས་51གཙོ་སྐྱོང་སྐོང་འཚོགས་གནང་བ།
བྱེ་མ་ཀ་ར་འཇོག་ཡུན་རིང་རྒྱུ་མེད།
ངེས་པར་དུ་ངེས་དགོས་པའི་བདེ་ཐང་འཚོ་བའི་གོམས་གཤིས་བཞི།
དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུའི་རིང་ ངེད་གྲོང་ཁྱེར་གྱིས་རྒྱུགས་ཤོག་ཡག་པོ་ཞིག་ཕུལ་བ།