第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合新闻
 
标题导航
ངེད་གྲོང་ཁྱེར་གྱི་ཤེས་ལྡན་པ་ནང་འདྲེན་ལས་དོན་ལ་ ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཁྲིམས་ལྟར་སྒལ་རལ་བཀག་ཉར་བྱས་པ།
བཅུ། ཧྥེང་ཆའོ་ཡི་ཉམས་མྱོང་གི་དཔེ་མཚོན་གྱོད་དཔེ་གསར་གཏོད་དང་དར་སྤེལ་སྐོར།
ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ སྐུལ་འདེད་ཚོགས་འདུ་འཚོགས་པ།
སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་པའི་གསོ་སྦྱོང་བྱས་པ།
| 山南网首页 |
2019年6月7日 星期
3 上一篇  下一篇 4 放大 缩小 默认
བཅུ། ཧྥེང་ཆའོ་ཡི་ཉམས་མྱོང་གི་དཔེ་མཚོན་གྱོད་དཔེ་གསར་གཏོད་དང་དར་སྤེལ་སྐོར།
 

གྱོད་དཔེ་4

བློ་རིག་ལ་བརྟེན་ནས་བཅོས་སྐྱོང་བྱེད་སྟངས་ཁྱོན་ཡོངས་ནས་སྐུལ་འདེད་ཀྱིས་རྒྱལ་སའི་སྤྱི་ཚོགས་བཅོས་སྐྱོང་རིག་ནུས་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ།

པེ་ཅིང་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན།

པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་རིག་ལ་བརྟེན་ནས་བཅོས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་འདུ་ཤེས་གལ་ཆེར་བརྩི་བ་དང་། རིག་ནུས་ཅན་གྱི་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་དེ་ཉིད་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་སུ་སྐུལ་འདེད་གཏོང་བའི་བརྟེན་ས་གལ་ཆེར་བརྩིས་ཐོག བློ་རིག་ལ་བརྟེན་ནས་ཚགས་ཚུད་པོ་ཡོང་བ་དང་ཚན་རྩལ་ལ་བརྟེན་ནས་དུས་བདེ་ཡོང་བ་བྱེད་པའི་བློ་རིག་བཅོས་སྐྱོང་ལས་ཀའི་རྣམ་པ་རགས་ཙམ་གཏོད་ནས་རྒྱལ་སའི་བདེ་འཇགས་བརྟན་ལྷིང་དང་ཆུ་ཚད་མཐོ་བའི་དུས་བདེའི་པེ་ཅིང་སྐྲུན་རྒྱུར་སྲ་ཞིང་བརྟན་པའི་འགན་སྲུང་མཁོ་འདོན་བྱས་ཡོད།

གཅིག རྩེ་རིམ་ཇུས་འགོད་ཐད་དམ་འཛིན་ཡག་པོ་བྱ་རྒྱུས་ཁྲིད་སྟོན་བྱས་ཏེ་བློ་རིག་ལ་བརྟེན་ནས་སྤྱི་ ཚོགས་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་གཏོད་པ། ཚད་གཞི་མཐོ་པོས་གཅིག་གྱུར་བཀོད་སྒྲིག་དང་འགོ་འཛུགས་ས་མཐོ་པོས་འཆར་འགོད་དང་ཇུས་འགོད། ཚད་གཞི་མཐོ་པོས་མཉམ་རོགས་མཉམ་སྐྲུན་བཅས་མཐའ་འཁྱོངས་བྱས་ཏེ་1+3+4ལྟེ་བའི་སྒྲོམ་ གཞི་བྱས་པའི་རིག་ནུས་ཅན་གྱི་ལས་ཀའི་རྣམ་པ་གསར་པ་གཏོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་གཞི་གྲངས་ཆེན་པོའི་ལས་སྟེགས་1སྐྲུན་པ། པེ་ཅིང་གི་ཚན་རིག་ཞིབ་འཇུག་ཁང་ལ་བརྟེན་ནས་གསང་འཕྲིན་དང་ཆ་འཕྲིན། ཚན་རྩལ་གྲུབ་འབྲས། ཤེས་ལྡན་མི་སྣའི་དཔུང་ཁག་བཅས་འཐབ་ཇུས་ཆེན་པོ་གསུམ་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་བཅས་བྱས་ཐོག ལས་སྒོའི་མ་ལག་མཉམ་སྦྲེལ་མཉམ་མཐུད་དང་གྲངས་གཞི་གཅིག་སྡུད་ཟླ་སྒྲིལ། གསང་འཕྲིན་མཐའ་གཅོད་དབྱེ་ཞིབ། རིག་ནུས་ཐག་གཅོད་བཀོད་འདོམས་བཅས་ཀྱི་བྱེད་ནུས་གལ་ཆེན་བཞི་མངོན་འགྱུར་ཐུབ་པ་བྱས་ཡོད།

གཉིས། ལག་རྩལ་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུས་དམ་འཛིན་བྱ་གཞི་བྱས་ཏེ་གྱོད་གཞི་སྒྲུབ་པའི་ལས་རིམ་བསྐྱར་བཟོ་དང་ལེགས་སྒྱུར། ཚད་ལྡན་ཐུབ་པ་བྱས་ཡོད། གཅིག་ནས་སྲིད་ཁྲིམས་ཀྱི་གྱོད་གཞི་སྒྲུབ་པའི་རིག་ནུས་དོ་དམ་མ་ལག་སྐྲུན་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་བ། སྲིད་ཁྲིམས་ལས་ཁུངས་ཀྱི་གཞི་གྲངས་དང་ལས་སྒོ། དོ་དམ་བཅས་ཀྱི་ལས་རིམ་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཉེས་དོན་གྱོད་གཞི་སྒྲུབ་རྒྱུ་དེ་དྲ་ཐོག་དང་མཐུན་སྦྱོར་བྱེད་པ་དང་།གྱོད་གཞི་དང་འབྲེལ་བའི་རྒྱུ་དངོས་ཚན་པ་བརྒལ་ནས་གཅིག་བསྡུས་དོ་དམ། ཉེས་ཆད་ཡང་དུ་གཏོང་བ་དང་དངོས་མིན་གློད་འགྲོལ་ཆ་འཕྲིན་ཅན་ཏུ་འགྱུར་རྒྱུར་སྐུལ་འདེད་བཅས་བྱས་ཐོག གྱོད་གཞིའི་ཆ་འཕྲིན་ཐེངས་རེ་འཚོལ་བསྡུ་དང་ཐེངས་མང་བེད་སྤྱོད། ཕྱོགས་གཅིག་གིས་འཚོལ་བསྡུ་དང་ཕྱོགས་མང་པོས་བེད་སྤྱོད་ཐུབ་པ་བྱས་ཡོད། གཉིས་ནས་ལག་རྩལ་གསར་པ་བཀོལ་སྤྱོད་ཀྱི་ཆ་སྒྲིག་མ་ལག་སྐྲུན་མགྱོགས་སུ་བཏང་བ། གློག་རྡུལ་མིང་ཐམ་འགོད་པའི་གཏན་འབེབས་སོགས་སྲིད་ཁྲིམས་སྡེ་ཚན་དབར་ཕན་ཚུན་ཡིད་ཆེས་དང་ཁས་ལེན་བྱེད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་རབ་དང་རིམ་པ་བཟོས་ནས། བཅའ་ཁྲིམས་ཐད་སྤྱད་འཐུས་འཚམ་བའི་ཚད་གཞི་དང་ལས་སྒོའི་ལས་རིམ་ལེགས་སྒྱུར་དང་བསྐྱར་སྒྲིག་ཐོག ཆ་འཕྲིན་ཅན་སྐྲུན་རྒྱུ་དང་འཚམ་པའི་གྱོད་གཞི་སྒྲུབ་པའི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཟོས་ཡོད། གསུམ་ནས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱིས་ཁྲིམས་འཛིན་བསྒྱུར་བཅོས་ཐད་སྐུལ་འདེད་དང་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ། འདྲི་གཅོད་ལྟེ་བར་བྱེད་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་དམིགས་པ་དང་། དཔང་རྟགས་རིག་ནུས་ལ་བརྟེན་ནས་ཞིབ་བཤེར་དང་རང་འགུལ་ཞུ་དག་ཞིབ་དཔྱོད་བྱ་རྒྱུ་ཟབ་ཏུ་གཏོང་བ། གོ་རིམ་ཁྲིམས་དང་འགལ་བ་དང་དཔང་རྟགས་སྐྱོན་ཅན་རིགས་རིག་ནུས་ཐོག་ནས་དུས་ཐོག་གསལ་འདོན་བཅས་བྱས་ཏེ་དགེ་མཚན་ལྡན་པའི་ལྡོག་སྐུལ་ལམ་སྲོལ་ཐོག་ནས་མྱུལ་ཞིབ་དང་ཞུ་གཏུག འདྲི་གཅོད་བཅས་ཀྱི་བྱེད་སྒོ་ཚད་ལྡན་བཟོས་ཡོད།

གསུམ། མང་ཚོགས་ཀྱི་དགོས་མཁོ་གནད་འཕིགས་སྦྲེལ་མཐུད་བྱ་རྒྱུས་དོན་ལ་འབབ་ས་བྱས་ཏེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་དམངས་འཚོ་འགན་སྲུང་གི་ལྷུ་ཚིགས་ཁག་ཤར་གཏོང་ཐུབ་པ་བྱས་པ། གཅིག་ནས་དྲ་ཐོག་དང་དྲ་མིན་མཐུན་སྦྱོར་གྱི་སྡེ་ཁུལ་ཞབས་ཞུའི་མ་ལག་སྐྲུན་པ། མང་ཚོགས་འཚོ་བའི་ཁྲོད་ཀྱི་གནད་འགག་དང་དཀའ་གནད། རྙོག་སའི་གནད་དོན་ལ་དམིགས་པ་དང་། རིམ་གསུམ་སྡེ་ཁུལ་ཞབས་ཞུ་ལྟེ་གནས་དང་སྡེ་ཁུལ་ཞབས་ཞུའི་ས་ཚིགས། 96156 ཐད་འབྲེལ་ཁ་པར། སྡེ་ཁུལ་ཞབས་ཞུའི་ཆ་འཕྲིན་དྲ་བ་བཅས་ལ་བརྟེན་ནས། སྡེ་ཁུལ་གྲོང་མིའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆ་འཕྲིན་དུས་ཐོག་ཏུ་འཚོལ་བསྡུ་དང་བརྒྱུད་སྐྱེལ་ཐོག རང་འགུལ་ཤེས་ཚོར་དང་ཞབས་ཞུ་དུས་ཐོག་མཁོ་འདོན་བྱས་སྟབས་སྡེ་ཁུལ་གྲོང་མིའི་བཟའ་བཏུང་དང་སྡོད་གནས། འགྲོ་ལུགས། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། བདེ་ཐང་བཅས་འཚོ་བའི་གཙོ་གནད་ཁག་བདུན་གྲངས་འཛིན་ཅན་དང་རིག་ནུས་ཅན། མཉམ་འགུལ་ཅན།མཉམ་ལས་ཅན་དུ་མངོན་འགྱུར་ཐུབ་ཡོད། གཉིས་ནས་སྡེ་ཁུལ་གྱི་རིག་ནུས་བདེ་སྲུང་མ་ལག་འཚོལ་ཞིབ་དང་བཙུགས་པ། རིག་ནུས་སྒོ་དང་རིག་ནུས་རླངས་འཁོར་ཐོན་ལམ། མེ་ཟོན་ཐུབ་ཆས་སོགས་རིག་ནུས་ལ་བརྟེན་ནས་སྔོན་འགོག་བྱེད་པའི་སྒྲིག་ཆས་ཁྱབ་གདལ་དང་སྒྲིག་སྦྱོར། ཀུན་གསལ་ལས་གཞི་སྐྲུན་རྒྱུ་དང་མཉམ་འདྲེས། གྲངས་གཞི་ཆེ་མོའི་དབྱེ་ཞིབ་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུ་བེད་སྤྱོད་གང་ལེགས་བཅས་བྱས་སྟབས་ཕྱོགས་བསྡུས་ལྟ་སྡོམ་དང་གནད་འཕིགས་སྔོན་འགོག་དང་ཚོད་འཛིན་ཐུབ་ཡོད། གསུམ་ནས་བློ་རིག་ལ་བརྟེན་ནས་དམངས་ལ་སྟབས་བདེ་དང་དམངས་ལ་ཕན་པ་བསྐྲུན་པའི་ཞབས་ཞུའི་མ་ལག་གཏོད་པ། གཞི་གྲངས་ལ་བརྟེན་གང་ཐུབ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་དམིགས་ནས་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་དྲ་ཐོག་གི་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུད་ཅེས་པ་ལས་གཉེར་བྱེད་འགོ་བཙུགས་པ་དང་། ཁྲིམས་ཁང་ཁོངས་གཏོགས་ཀྱིས་རིག་ནུས་བློ་འདྲི་དང་སྐད་གདངས་ངོས་འཛིན། འཕྲུལ་མི་བཀོལ་སྤྱོད། གེགས་མེད་ལྟ་ཆས་བཅས་གཞི་གཅིག་ཏུ་འདུས་པའི་12348 པེ་ཅིང་ཁྲིམས་ལུགས་དྲ་བ་ཁྱབ་གདལ།ཞིབ་དཔྱོད་ཁོངས་གཏོགས་ཀྱིས་ཞིབ་དཔྱོད་ལས་དོན་ཡོངས་བསྒྲགས་དང་ཞབས་ཞུའི་ལས་སྟེགས་བསྐྲུན་པ། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཁྲིམས་དོན་རོགས་སྐྱོར་དང་བདེན་དཔང་གསལ་འབྱེད་སོགས་ལས་སྟེགས་མང་པོའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་བསྐྲུན་པ་བཅས་བྱས་སྟབས་མང་ཚོགས་ལ་ལེགས་ཤིང་སྟབས་བདེ་བའི་ཁྲིམས་འཛིན་ཞབས་ཞུ་མཁོ་འདོན་ཐུབ་ཡོད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合新闻
   第04版:社会聚焦
ངེད་གྲོང་ཁྱེར་གྱི་ཤེས་ལྡན་པ་ནང་འདྲེན་ལས་དོན་ལ་ ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཁྲིམས་ལྟར་སྒལ་རལ་བཀག་ཉར་བྱས་པ།
བཅུ། ཧྥེང་ཆའོ་ཡི་ཉམས་མྱོང་གི་དཔེ་མཚོན་གྱོད་དཔེ་གསར་གཏོད་དང་དར་སྤེལ་སྐོར།
ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ སྐུལ་འདེད་ཚོགས་འདུ་འཚོགས་པ།
སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་པའི་གསོ་སྦྱོང་བྱས་པ།