第02版:综合新闻 上一版3  4下一版
 
版面导航

第01版
头版

第02版
综合新闻

第03版
综合
 
标题导航
| 山南网首页 |
2019年5月6日 星期
3 上一篇  下一篇 4 放大 缩小 默认
ཕྱོགས་བསྡུས་གསར་འགྱུར།
 

▶ཉེ་དུས།ཀྲུང་གོའི་རིག་རྩལ་ལྷན་ཚོགས་གྱིས་གཙོ་གཉེར་བྱས་པ་དང་།ཀྲུང་དབྱང་གི་ཤེས་དཔལ་གཞུང་ལས་ཁང་གི་ཅུད་གསུམ་པ་དང་ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་ལྟེ་གནས།རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས།གྲོང་ཁྱེར་རིག་རྩལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི་བོད་ཀྱི་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་སྒྱུར་རྩལ་ཟུར་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་གྲ་ནང་རྫོང་དུ་སློབ་མཇུག་སྒྲིལ་བ་དང་།ཤང་གྲོང་ཁག་གི་སློབ་གྲྭ་ནས་ཡིན་པའི་དགེ་རྒན་མི་གྲངས་150ལྷག་གསོ་སྦྱོང་ནང་ཞུགས་པ་རེད།

▶ཉེ་དུས།ངེད་གྲོང་ཁྱེར་གྱིས་ཤང་གྲོང་རྡལ་སློབ་ཆུང་གི་མཛེས་རྩལ་དགེ་རྒན་གྱི་བྱང་ཚད་མཐོར་གཏོང་འཛིན་གྲྭ་གཉེར་བ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང་ངམ་ཆུས་12ཀྱི་དགེ་རྒན་མི་གྲངས་46གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

▶ཉེ་དུས།གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ་སྒྲིག་འཛུགས་བྱས་ཏེ།གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་བསྐྱོད་ནས་སྡེ་ཁུལ་སློབ་གསོའི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

▶ཉེ་དུས།གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆུ་གསུམ་རྫོང་མི་དམངས་སྨན་ཁང་དུ་རིམ་པ་གཉིས་པའི་ཕྱོགས་བསྡུས་སྨན་ཁང་འཛུགས་སྐྱོང་ལས་དོན་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

▶ཉེ་དུས།རྒྱ་ཚྭ་རྫོང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུད་ཀྱིས་རྒྱ་ཚྭ་རྫོང་གི་སློབ་འབྲིང་དུ་ཟ་ཁང་གི་བཟའ་བཅའི་བདེ་འཇགས་གསོ་སྦྱོང་གཉེར་བ་དང་།རྫོང་ཡོངས་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་།རྫོང་ལས་ཁུངས་ཀྱི་ཟ་ཁང་།དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་གསོ་ཉར་ལྟེ་གནས་17བཅས་ཀྱི་འགན་ཁུར་མི་སྣ་དང་ཟ་ཁང་གི་ལས་མི་བཅས་མི་གྲངས་38གསོ་སྦྱོང་ནང་ཞུགས་པ་དང་།བཟའ་བཅའི་བདེ་འཇགས་ཐོ་འགོད་ལག་དེབ་68སྤྲད་ཡོད་པ་རེད།

▶ ཉེ་དུས།སྣ་དཀར་རྩེ་རྫོང་གིས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཨང་དང་པོའི་གསོ་སྦྱོང་གཉེར་བ་དང་།གྲོང་ཚོ་དང་སྡེ་ཁུལ་ཁག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཨང་དང་པོ་མི་གྲངས་90གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

3 上一篇  下一篇 4 放大 缩小 默认
山南报社版权所有,未经协议授权,禁止下载使用
国内统一刊号:CN54—0018/—Z 邮发代号:67—22
地址:西藏自治区山南地区乃东县泽当镇湖南路19号 联系电话:0893-7828933 邮政编码:856000
制作单位:中国西藏山南网(www.xzsnw.com): 备案号:藏ICP备 14000057号-1 
   第01版:头版
   第02版:综合新闻
   第03版:综合
   第04版:公益广告
ངེད་གྲོང་ཁྱེར་གྱིས་རྒྱལ་གཅེས་འབད་འཐབ་ཀྱི་ཕུལ་བྱུང་ ཤེས་ལྡན་མི་སྣར་གཟེངས་བསྟོད་བྱས་པ།
ཕྱོགས་བསྡུས་གསར་འགྱུར།
ཡིག་ གཟུགས་ འགྲན་ བསྡུར།
དྲུག མའོ་ཙེ་ཏུང་གིས་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་ཁྱབ་སྤེལ་གཏོང་རྒྱུར་མཐོང་ཆེན་པོ་གནང་བ།