འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ངེད་གྲོང་ཁྱེར་གྱིས་ཤེས་ལྡན་པར་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རིགས་ཁག་གི་ཤེས་ལྡན་མི་སྣའི་ཧུར་སེམས་དང་། རང་འགུལ། གསར་གཏོད་ཀྱི་སེམས་ཤུགས་བཅས་སྐོང་འཐེན་གང་ལེགས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཡོན་ཏན་ཆེན་པོ་ལྡན་པ་དང་། ཡོན་ཏན་ལ་དགའ་ཞེན། ཡོན་ཏན་གོང་དུ་བཀུར་བ། ཡོན་ཏན་བཀོལ་སྤྱོད་བཅས་བྱེད་སྲོལ་ཞིག་འཇགས་པ་བྱ་ཆེད། ཉེ་ཆར། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་སྐབས་གཉིས་པའི་རྒྱལ་གཅེས་འབད་འཐབ་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། པད་མ་དབང་འདུས་སོགས་བློ་མཐུན20ལལྷོ་ཁ་གྲོང་ཁྱེར་གྱི་སྐབས་གཉིས་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།
ད་རེས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དཔྱད་འདེམས་གཟེངས་བསྟོད་ཀྱི་ལས་དོན་ལ་སྤྱོད་ཡོན་གཉིས་ལྡན་དང་བྱས་རྗེས་དངོས་ལ་དོ་སྣང་ཆེན་པོ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས། དཔྱད་འདེམས་བྱ་ཡུལ་ལ་ཐེམ་ཐོ་དང་། སློབ་རྒྱུས། ལས་ཀའི་གོ་མིང་། ལས་རིགས། ལོ་ན་སོགས་ཀྱི་ཚོད་འཛིན་མེད་པ་དང་། གཟེངས་བསྟོད་བྱ་ཡུལ་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་དང་། བཟོ་སྐྲུན་ཨར་ལས། སློབ་གསོ་སློབ་ཁྲིད། ཞིང་ནགས་ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་ལས། ས་གནས་དེ་གའི་ཤེས་ལྡན་མི་སྣ་ཡོད་ལ་བོད་སྐྱོར་ལས་བྱེད་པའང་ཡོད། ཤེས་ལྡན་མི་སྣར་གཟེངས་བསྟོད་བྱས་པ་བརྒྱུད་ངེད་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོའི་འཇོན་ཐང་འབུར་དུ་ཐོན་པ། མང་ཚོགས་ཚོས་ཁས་ལེན་ཆེན་པོ་བྱེད་པ་བཅས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཡུན་རིང་འབད་འཐབ་བྱེད་མཁན་གྱི་ཕུལ་བྱུང་ཤེས་ལྡན་པ་གདམ་གསེས་བྱས་པ་དེས་ཕུལ་བྱུང་ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ལ། གྲོང་ཁྱེར་ཡོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་སྤུས་རྟགས་གསལ་སྟོན་དང་ཚད་ཤིང་བཙུགས་ནས་མི་ཚང་མ་ཤེས་ལྡན་མི་སྣར་འགྱུར་འདོད་བྱེད་པ་དང་། མི་ཚང་མ་ཤེས་ལྡན་མི་སྣར་ཧུར་ཐག་འགྱུར་བར་བྱེད་པ། མི་ཚང་མས་ཤེས་ལྡན་མི་སྣར་འགྱུར་ཐུབ་པར་བྱེད་པ། མི་ཚང་མས་ཤེས་བྱ་ངོམས་པ་བཅས་ཀྱི་རྣམ་པ་ཡག་པོ་ཞིག་ཏན་ཏིག་ཆགས་པར་བྱས་ཡོད།