མི་འབོར་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་དང་དབུལ་སྒྲོལ་བརྟན་པོ་ཐུབ་པ་བྱ་རྒྱུའི་འགག་རྩའི་གནད་དོན་དེ་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུར་ཐུག་པ་དང་ཐབས་ལམ་གཙོ་བོ་ནི་ཐོན་ལས་དང་རང་རྟེན་ནུས་པ་ཆེ་རུ་གཏོང་རྒྱུར་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་བ་དང་འབྲེལ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“དབུལ་སྒྲོལ་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་དབུལ་སྐྱོར་སྒྲིག་འཛུགས་བྱེད་པ། གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོར་ལས་གནས་བརྟན་པོ་ཡོང་བ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། དབུལ་སྒྲོལ་བྱེད་ཐབས་ཀྱི“ཁག་གཅིག་རེ་ལྔའི”ཁྲོད“ཐོན་སྐྱེད་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པའི”སྔོན་སྒྲུབ་གནས་བབ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ཀྱི“དར་རྒྱས་ལྔའི”ཁྲོད“ཐོན་ལས་དར་རྒྱས”ཀྱི་གནས་བབ་གལ་ཆེན་བར་དང་སྤྱི་ཁྱབ་ཧྲུའུ་ཅིས་ས་ཆ་མི་འདྲ་བར་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་ལ་དམིགས་ནས་གསལ་འགྲེལ་གཏིང་ཟབ་ཐེངས་མང་གནང་བའི་བར་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོན་ལས་དབུལ་སྐྱོར་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་པ་དང་ཐོན་ལས་དབུལ་སྐྱོར་གྱིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་པ་གང་ལེགས་མཚོན་ཡོད།
(པར་ངོས་གསུམ་པར་གཟིགས)