འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་དུས།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ།གྲོང་ཨུད་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་སྣ་དཀར་རྩེ་རྫོང་གི་ཐག་རིང་གྲོང་ཚོར་བསྐྱོད་དེ་ཡུལ་སྐོར་བྱ་གཞག་གོང་འཕེལ་དང་དབུལ་སྒྲོལ་འགག་སྒྲོལ།འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་རེད།
གྲོང་ཨུད་རྒྱུན་ཨུ།དྲུང་ཆེ་ཧོ་ཕེ་དང་།གྲོང་སྤྱི་གཞོན་པ་མོའུ་ཡུང་ཝེན་གྱིས་རྟོག་ཞིབ་རིང་ཕེབས་རོགས་ཞུས།
གོང་དཀར་གནམ་ཐང་རྒྱ་རི་གྲོང་ཚོ་ནས་སྣ་དཀར་རྩེ་རྫོང་བར་གྱི་གྲམ་མདའ་ཤང་བྲག་ཡུལ་གྲོང་ཚོའི་ཀླུ་རི་རི་བོའི་ལམ་མི་སྙོམས་པ་དང་ཡམ་ཡོམ་རྒྱག་བཞིན།ཞུས་ཁྲེང་ཚང་གིས་ལམ་བར་དུ་ལྟ་སྐབས་འབྲེལ་ཡོད་སྡེ་ཚན་ལ་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།རྣམ་གྲངས་ཇུས་འགོད་བྱེད་མགྱོགས་སུ་གཏོང་བ།ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ།གཞུང་ལམ་འགྲིམ་འགྲུལ་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བཅས་བྱས་ནས་མང་ཚོགས་བདེ་འཇགས་དང་སྟབས་བདེའི་ངང་འགྲོ་སྐྱོད་བྱེད་པའི་མཐའ་མའི་འགག་གནད་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་དང་།འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་འགྲིམ་འགྲུལ་དྲ་བ་འཐུས་སྒོ་ཚང་དུ་བཏང་ནས་ (པར་ངོས་གསུམ་པར་གཟིགས)