དུས་རྒྱུན་འཚོ་བའི་ནང་མི་རྣམས་ཀྱིས་རྟག་ཏུ་ཟས་རིགས་འདྲ་མིན་སྣ་ཚོགས་བཟའ་ཡི་ཡོད། དེ་རིང་ཚང་མར་རྒྱུན་དུ་བཟའ་མང་མའི་ཟས་རིགས་རྫུན་མ་6ངོ་སྤྲོད་བྱ་རྒྱུ་གཤམ་གསལ།
1. ཤ་རིལ།
ད་ཆ་ཤ་རིལ་དེ་ཚགས་ཤ་ངོ་མས་བཟོས་པ་ཧ་ལམ་ཉུང་ཉུང་ཡིན་ཞིང་། སྤྱིར་ཤ་འདྲ་མིན་སྣ་ཚོགས་དང་གར་ཕྱེ་མཉམ་བསྲེས་བྱས་ནས་བཟོ་གི་ཡོད་པས། ཁ་ལ་བཟའ་སྐབས་ཞིམ་པོ་མེད་ལ། བདེ་ཐང་ལ་ཡང་གནོད་པ་ཆེན་པོ་ཡོད། གལ་སྲིད་ལྷད་མེད་ཤ་རིལ་ཡིན་ཚེ། བཟོ་ལས་ཧ་ཅང་ཞིབ་ཚགས་ཤིང་། ཤ་རིལ་གྱི་ཕྱི་ངོས་དམར་མདངས་རྒྱས་ལ་ཁ་ལ་བཟའ་སྐབས་བྲོ་བ་ཧ་ཅང་ཞིམ་པོ་ཡོད།
2.ལྷེབ་ཤ
མི་མང་ཆེ་བས་ལྷེབ་ཤ་ལས་སྣོན་བྱས་པ་ཡིན་མིན་ལ་ཐེ་ཚོམ་བྱེད་ཀྱི་ཡོད། དོན་དངོས་ཐོག་ཤ་དེ་རིགས་ནི་མ་རུང་ཁོག་བཅངས་བྱེད་མཁན་ཚོང་པ་ཁག་གཅིག་གིས་ཤ་འདྲ་མིན་སྣ་ཚོགས་མཉམ་དུ་བསྲེས་ནས་ལྷེབ་མོར་བཏུབས་པ་ཞིག་ཡིན་པས། ཤ་དེ་རིགས་སྐྱུག་བྲོ་ལ་མིད་དཀའ་བ་ཡོད། ལྷད་མེད་ལྷེབ་ཤར་ཚིལ་མང་ཡང་ཞེ་མེར་མི་ལངས་ཞིང་བྲོ་བ་ཧ་ཅང་ཞིམ་པས་ཚང་མས་དགའ་པོ་བྱེད་ཀྱི་ཡོད།
3.ཡཱ་ཙེའི་ཁྲག
རྒྱ་ཁོག་བཟའ་སྐབས་མི་མང་ཆེ་བས་ཡ་ཙེའི་ཁྲག་བཟའ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ཡ་ཙེའི་ཁྲག་ལ་ཁྲག་གསབ་དུག་སེལ་གྱི་ནུས་པ་ལྡན་ཞིང་། བྲོ་བ་ཧ་ཅང་ཞིམ་པོ་ཡོད། འོན་ཀྱང་ལྷད་མེད་ཀྱི་ཡཱ་ཙེའི་ཁྲག་བཟོ་བར་མ་གནས་མཐོ་བས། ཁྲོམ་ར་ནས་ཉོས་པའི་ཡཱ་ཙེའི་ཁྲག་མང་ཆེ་བ་ནི་མིས་ལས་སྣོན་བྱས་ནས་བཟོས་པ་ཤ་སྟག་རེད། ཡཱ་ཙེའི་ཁྲག་ངོ་མ་དང་རྫུས་མ་དབྱེ་འབྱེད་དཀའ་བས། རྫུས་བཟོ་བྱས་པའི་ཁྲག་དེ་ཁ་བཤགས་སྐབས། དེའི་ནང་ཨི་ཁུང་མང་པོ་ཡོད་ལ་འཐེན་སྐབས་ནར་འགྲོ་ཡི་ཡོད། འོན་ཀྱང་ཁྲག་ངོ་མ་ཡིན་ཚེ་དེ་ལྟར་མིན་པར་ཞིབ་ཞིབ་ཆགས་སླ་པོ་ཡོད།
4.སྐྱི་པགས་མཉེན་པའི་རྒྱུ་མ།
སྐྱི་པགས་མཉེན་པའི་རྒྱུ་མ་དེ་ལས་སྣོན་བྱེད་སྐབས་ཚ་ཚད་ལས་བརྒལ་བ་བླུགས་ཀྱི་ཡོད་པས། ཡུན་རིང་ཚྭ་མང་བའི་ཟས་དེ་རིགས་བཟས་ཚེ་མིའི་ལུས་པོར་གནོད་པ་ཧ་ཅང་ཆེན་པོ་ཡོད།
5.ཤ་རྒྱུག
ཤ་རྒྱུག་ནི་ང་ཚོས་དུས་རྒྱུན་རྒྱ་ཁོག་བཟའ་སྐབས་བཟའ་མང་ཤོས་ཀྱི་གྲས་ཤིག་ཡིན་པ་དང་མི་མང་ཆེ་བས་དེ་ནི་སྡིག་སྲིན་གྱི་ཤས་བཟོས་པ་ཞིག་རེད་སྙམ་གྱི་ཡོད། འོན་ཀྱང་། དེ་ནི་ལས་སྣོན་བྱས་ནས་བཟོས་པ་ཞིག་ཡིན་ཞིང་། གར་ཕྱེ་དང་ཤ་སྨན་ཁོ་ན་མ་ཏོག་སྡིག་སྲིན་གྱི་ཤ་ཏིལ་འབྲུ་ཙམ་ཡང་མེད་པས། རྒྱུན་གཏན་འཚོ་བའི་ནང་ཉུང་ཙམ་བཟས་ན་དགའོ།